ནད་པས་སྨན་བསྟེན་སྐབས་དུས་ཚོད་དང་མང་ཉུང་ལ་མཉམ་འཇོག་པ་དང་། སྨན་འཐུང་སྟངས་ལའང་མཉམ་འཇོག་བྱས་པས་དགའ། སྤྱིར་ཡར་ལངས་ནས་སྨན་འཐུངས་ན་བཟང་། ལངས་པའི་སྐབས་སུ་མིད་པ་ཡང་རང་བཞིན་གྱིས་ཐུར་དུ་ཕྱོགས་ཡོད་པས་ཁོག་པར་འགྲོ་བདེ་ལ་འཇུ་ལེན་བྱེད་པར་ཡང་ཕན། ཙོག་པའམ་ཡང་ན་ཉལ་ནས་འཐུངས་ན། སྨན་མིད་པའི་ངོས་སུ་འབྱར་སླ་ལ། ལྷག་ཏུ་སྤྱིན་ཐུམ་དུ་བཅུག་པའི་སྨན་གྱི་རིགས་མིད་པའི་ངོས་སུ་འབྱར་ཚེ་ཆུ་ཅི་འདྲ་འཐུངས་ན་ཡང་དུས་ཡུན་ཐུང་བུའི་ནང་ཕོ་བར་འདེད་དཀའ། དེ་མིན་ལངས་ནས་སྨན་འཐུང་དུས་སྤྱིར་བཏང་མི་རྣམས་ཀྱིས་གློར་འཐུངས་བྱེད་མོད། དེ་ལྟར་འཐུང་ན་ཆུ་གློ་སྦུག་ཏུ་འགྲོ་ཉེན་ཆེ། ལྷག་པར་བྱིས་པ་དང་རྒན་པས་དེ་ལ་མཉམ་འཇོག་དགོས། དུས་མཚུངས་སུ་སྨན་བསྟེན་མ་ཐག་ཉལ་ཡང་མི་རུང་། ཉུང་མཐར་ཡང་སྐར་མ་ལྔ་ནས་བཅུ་དང་། དམིགས་བསལ་གྱི་སྨན་འཐུང་རེས་སྐར་ཆ་སུམ་ཅུ་ཙམ་དུ་འགུལ་སྐྱོད་བྱས་ན། སྨན་མིད་ཐག་ཏུ་འབྱར་ནས་སྨན་ནུས་མྱུར་མོར་ཐོན་མི་ཐུབ་པ་གཡོལ་ཐུབ། །
རྩོམ་སྒྲིག་པ། འབྲུག་མོ།