འབྲས་ཐེངས་མང་པོར་བཀྲུས་ན་མི་ལེགས་ཏེ། འབྲས་ཀྱི་ནང་དུ་ཆུར་འདྲེས་པའི་འཚོ་བཅུད་དང་སྐྱེ་མེད་ཚྭ་ཁ་ཤས་འདུས་པར་མ་ཟད། མང་ཤོས་ཤིག་འབྲས་རྡོག་གི་ཕྱི་ངོས་སུ་ཡོད་པས། ཐེངས་མང་པོར་བཀྲུ་བའམ་ཡང་ན་ཤུགས་ཀྱིས་འཕུར་འཕུར་བྱས་ནས་བཀྲུ་བ། ཡང་ན་ཡར་དཀྲུག་མར་དཀྲུག་བྱས་པ་མང་དྲགས་པ་བཅས་ཀྱིས་འབྲས་རྡོག་གི་ཕྱི་ངོས་སུ་ཡོད་པའི་འཚོ་བཅུད་ཤོར་འགྲོ་བ་རེད། དུས་མཚུངས་སུ་འབྲས་ཆུ་ནང་དུ་དུས་ཚོད་རིང་བོར་སྦངས་ན་མི་བཟང་། གལ་ཏེ་མ་བཀྲུས་པའི་སྔོན་དུ་དུས་ཚོད་རིང་བོར་སྦངས་ན། འབྲས་རྡོག་གི་སྐྱེ་མེད་ཚྭ་དང་འོ་བཅུད་ཁ་ཤས་ཆུའི་ནང་དུ་འདྲེས་འགྲོ་བ་རེད། དེར་བརྟེན། འབྲས་བཀྲུ་སྐབས་གཤམ་གྱི་ཕྱོགས་འགར་མཉམ་འཇོག་དགོས་ཏེ།
དང་པོ། ཆུ་འཁྱག་གིས་བཀྲུ་བ་ལས། བཞུར་ཆུའམ་ཡང་ན་ཆུ་ཁོལ་གྱིས་བཀྲུ་མི་རུང་།
གཉིས་པ། ཆུ་བཀོལ་ཚད་དང་བཀྲུ་ཐེངས་ཉུང་ན་བཟང་སྟེ། འདམ་བྱེ་མེད་པར་བཟོས་པ་ཙམ་གྱིས་ཆོག
གསུམ། ཤུགས་ཀྱིས་འཕུར་འཕུར་དང་ཡར་དཀྲུག་མར་དཀྲུག་མང་པོ་བྱེད་མི་རུང་།
བཞི། མ་བཀྲུས་གོང་སྦངས་མི་རུང་ལ། བཀྲུས་རྗེས་གལ་ཏེ་སྦངས་ཟིན་ན། སྦངས་ཆུ་དང་འབྲས་མཉམ་དུ་སླ་ངའི་ནང་བླུགས་ནས་བཙོས་ན་བཟང་། །
རྩོམ་སྒྲིག་པ། འབྲུག་མོ།