$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2014.04.23 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

བདེ་ཐང་གི་མཚན་ཉིད་གསར་བ།

བདེ་ཐང་ནི་ང་ཚོའི་མི་ཚེ་ཁྲོད་ཀྱི་ཆེས་རྩ་ཆེ་བའི་རྒྱུ་ནོར་གལ་ཆེན་ཞིག་ཡིན། གལ་ཏེ་མིའི་འབྱུང་ཁམས་མ་བདེ་ན། ཚེ་འདིའི་ཡོད་ཚད་དོན་སྙིང་མེད་པར་འགྱུར་འགྲོ། དེ་བས་བདེ་ཐང་ནི་ང་ཚོས་མི་ཚེ་འདིར་ངེས་པར་དུ་འཚོལ་བསྙེགས་བྱེད་དགོས་པའི་དམིགས་འབེན་གཙོ་བོ་ཡིན།

ཡིན་ནའང་བདེ་ཐང་ཞེས་པ་དེ་ཡང་སྙིང་ཅི་ཞིག་ཡིན་ནམ་ཞེ་ན། གནད་དོན་དེར་མི་ཡོད་ཚད་ཀྱིས་ལན་འདེབས་ཐུབ་པ་ཞིག་མིན། གནའ་ནས་བཟུང་མི་རྣམས་ཀྱི་སེམས་སུ་བདེ་ཐང་ཞེས་པ་ནི་ལུས་ལ་ན་ཚ་མ་བྱུང་ན་བདེ་ཐང་ཡིན་པར་འདོད་ཡོད། ལྟ་ཚུལ་དེའང་གནས་ལུགས་མེད་པ་ཞིག་མིན་མོད། ཆ་ཚང་བ་ཞིག་མ་རེད། སྤྱི་ཚོགས་ཡར་ཐོན་དང་ཚན་རིག་ལག་རྩལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། མི་རྣམས་ཀྱིས་བདེ་ཐང་ཐད་བཟུང་བའི་འདུ་ཤེས་ཀྱང་སྔོན་དང་མི་མཚུངས། དེང་སྐབས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བདེ་ཐང་ལ་མཚན་ཉིད་འདི་ལྟར་བཀོད་ཡོད་དེ། བདེ་ཐང་ཞེས་པ་ནི་ནད་མེད་པ་དང་ལུས་སྟོབས་བཟང་བ་ཁོ་ན་ཙམ་ཞིག་མིན་པར། དེ་ནི་ལུས་སེམས་གཉིས་ཀ་སྤྱི་ཚོགས་དང་བསྟུན་ཐུབ་པའི་རྣམ་པ་བཟང་པོ་ཞིག་ལ་ཟེར། འདི་ལྟ་བུའི་བདེ་ཐང་གི་མཚན་ཉིད་འདིར་ནང་དོན་རིམ་པ་གསུམ་ཡོད་དེ། དང་པོ་ནི་ལུས་ཁམས་དང་སྐྱེ་ལུགས་ཐད་ཀྱི་བདེ་ཐང་ཡིན་པ་དང་། གཉིས་པ

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།