རྨ་ལྷོ་ཁུལ་མི་དམངས་སྨན་ཁང་དེ་སྔོན་ཆད་ཀྱི་སྡོད་གནས་རྙིང་བ་ནས་ད་ལྟ་ཐུན་རིན་རྫོང་རོང་བོ་གྲོང་རྡལ་ཧོར་རྒྱ་སྡེ་བའི་ལྷོ་ཕྱོགས་སུ་སྤར་བ་དང་། གསར་དུ་ལས་པའི་སྨན་ཁང་གི་གཞི་ཁྱོན་ལ་མུའུ་བརྒྱད་ཅུ་གྱ་བཞི་ཡོད་པ་དང་སྤྱིའི་བཟོ་སྐྲུན་གྱི་གཞི་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་ལྔ་ཡོད། དེའི་ནང་ཕྱི་ནད་ཚན་ཁག་གི་ཞག་སྡོད་ཐོག་ཁང་དང་། ཁོང་ནད་ཚན་ཁག་གི་ཐོག་ཁང་། སེམས་ཁམས་ནད་རིགས་གསོ་བཅོས་ཐོག་ཁང་། སྨན་བཅོས་ལག་རྩལ་ཕྱོགས་བསྡུས་ཐོག་ཁང་། སྒོ་བསྟེན་དང་མྱུར་སྐྱོབ་ཐོག་ཁང་སོགས་ཡོད་ལ། ལས་སྒོའི་ཐོགས་ཁང་ཚང་མ་ད་ལྟ་བཀོལ་སྤྱོད་བྱེད་བཞིན་ཡོད་པས། ནད་ཁང་དང་སྨན་བཅོས་སྒྲིག་ཆས། སྨན་བཅོས་ཁོར་ཡུག་བཅས་སྔར་ལས་ལྡབ་འགྱུར་གྱིས་བཟང་། རྨ་ལྷོ་ཁུལ་མི་དམངས་སྨན་ཁང་ནི་རྨ་ལྷོ་ཁུལ་གྱི་རིམ་པ་གཉིས་པའི་ཚད་གཞི་དང་པོའི་ཕྱོགས་བསྡུས་སྨན་ཁང་ཆེན་པོ་དང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ་དང་འཕྲོད་བསྟེན་པུའུ། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ། ཨེ་ཏི་ཐེབས་རྩ་ཚོགས་པ་སོགས་ཀྱིས་གཏན་ཁེལ་བྱས་པའི་བྱིས་པའི་བྱམས་སྐྱོང་སྨན་ཁང་ཡིན་ལ། ཁུལ་ཡོངས་ཀྱི་སྨན་བཅོས་མྱུར་སྐྱོབ་ལྟེ་གནས་གཅིག་པུའང་ཡིན།
ད་ལྟ་སྨན་ཁང་འདིར་ཁོང་ནད་དང་ཕྱི་ནད་སོགས་ཆེད་ལས་སྨན་བཅོས་ཚན་ཁག་ཉེར་