ཏེན་ནི་མི་ལུས་ལ་ངེས་པར་དུ་མཁོ་བའི་ཚད་ཉུང་གཞི་རྒྱུ་ཞིག་ཡིན། ལུས་སྟེང་དུ་ཏེན་གྱིས་མ་འདང་ཚེ། སྦྲུམ་བུ་དང་བྱིས་པའི་ཀླད་པའི་འཚར་སྐྱེ་དལ་བས། བྱིས་པའི་རིག་སྟོབས་མི་བཟང་བ་དང་། ཐ་ན་བྱིས་པ་རྟུལ་བོ་དང་གླེན་པ་སོགས་ཀྱང་འབྱུང་། ཏེན་གྱིས་མ་འདང་ན་ད་དུང་བུད་མེད་ཀྱི་སྐྱེ་འཕེལ་བྱེད་ལས་ལ་གནོད་པ་ཐེབས་ནས་མངལ་མི་ཆགས་པ་དང་། མངལ་ཤོར་བ། སྦྲུམ་བུ་མངལ་ནས་ཤི་བ། སྦྲུམ་བུ་ཡ་མ་གཟུགས་བཅས་སུ་འགྱུར་བར་མ་ཟད། བྱིས་པ་སྐྱེས་རྗེས་ཉམས་ཆུང་ཞིང་སྟོབས་མེད་པ། ཤི་བའི་ཉེན་ཁ་ཆེ་བ་བཅས་ཡིན། མི་དར་མ་དང་ན་གཞོན་ལོ་ཆུང་གི་ལུས་སུ་ཏེན་ཆད་ན། ཨོལ་གོང་གཤེར་རྨེན་གྱི་ནད་འབྱུང་ཞིང་། སློབ་སྦྱོང་དང་བྱ་བའི་ལས་ཆོད་ཀྱང་ཇེ་དམར་འགྲོ་སྲིད། ཏེན་ཆད་པ་ལས་མི་གྲངས་ཀྱི་སྤུས་ཚད་ལ་ཐད་ཀར་དུ་ཤུགས་རྐྱེན་ཐེབས་སྲིད།
མིའི་ལུས་སྟེང་དུ་མཁོ་བའི་ཏེན་ནི་འབྲུ་རིགས་དང་། སྔོ་ཚོད། ཤ། སྒོ་ང་དང་འོ་མ། ཆུ་བཅས་འབྱུང་བ་ཡིན། རང་རྒྱལ་གྱི་ས་ཆུའི་ཁྲོད་དུ་ཡོངས་ཁྱབ་ཀྱིས་ཏེན་ཆད་པའི་གནས་ཚུལ་ཡོད་པ་དང་། ལྷག་པར་དུ་རི་མ་ས་ཁུལ་དང་ས་ཆུ་ཤོར་བ་ཚབས་ཆེ་བའི་ས་ཁུལ་དུ་ཏེན་འདུས་ཚད་དམའ། དེ་བས་ས་ཁུལ་དེ་དག་ཏུ་འཚོ་བ་རོལ་བཞིན་པའི་མང་ཚོགས་རྣམས་ཀྱིས་བཟའ་བཏུང་གི་ཁྲོད་ནས་ཏེན་འདང་ཚིམ་པ་ཞིག་མཁོ་འདོན་བྱེད