ནད་རིགས་ཡོད་ཚད་ཁ་ནས་བགོ་ཞེས་པའི་བཤད་སྲོལ་ལྟར། བཟའ་བཅའི་ཁྲོད་དུ་ནད་བསྐྱེད་པའི་གནོད་འབུ་འམ་དུག་ལྡན་དངོས་རྫས་ཡོད་པའི་སྐབས་སུ། དེ་མིས་ཟོས་ཚེ་ཟས་དུག་ཕོག་སྲིད། ཟས་དུག་ཕོག་ཚད་ཅུང་ཡང་བ་ལ་སྐྱུག་མེར་ལངས་པ་དང་། ཁོག་པ་བཤལ་ལ། ལྗིད་པར་སྲོག་ཉེན་ཡང་འབྱུང་སྲིད། དེ་བས་ཟས་དུག་ཕོག་པར་ཧ་ཅང་གཟབ་གཟབ་བྱེད་དགོས།
ཟས་དུག་མི་ཕོག་པར་བྱེད་པའི་བྱེད་ཐབས་ཆེས་ལེགས་ཤོས་ནི། ཟས་རིགས་ཀྱི་གཙང་སྦྲར་མཉམ་འཇོག་བྱས་ནས་ཟས་རིགས་ལ་བརྫད་སྐྱོན་འབྱུང་བར་སྔོན་འགོག་བྱེད་དགོས་ཏེ། དང་པོ། ཟས་རིགས་གཙང་མ་དང་གསར་བ་ཟ་དགོས། ཤའི་རིགས་དང་སྒོ་ང་། སྔོ་ཚོད། སིལ་ཏོག་སོགས་གང་ཡིན་རུང་གསར་བ་ཡིན་དགོས་པ་ལས། དུས་ཡུན་འགོར་ཡོད་པ་དང་རུལ་ཡོད་པའི་ཟས་རིགས་ཟ་མི་རུང་ཞིང་། ནད་ཀྱིས་ཤི་བ་དང་ཡང་ན་ཤི་རྐྱེན་མི་གསལ་བའི་སྒོ་ཟོག་དང་བྱ་རིགས་ཀྱི་ཤ་དེ་བས་ཀྱང་ཟ་མི་རུང་། གཉིས་པ། ཟ་མ་ཟས་ཐུན་རེ་རེར་དུས་ལྟར་ཟ་དགོས་པ་དང་། ཟས་འཕྲོ་འཐུང་འཕྲོ་རྣམས་གཙང་མ་བྱས་ནས་འཇོག་དགོས་པར་མ་ཟད་འཇོག་ཡུན་རིང་མི་རུང་ལ། ཡང་བསྐྱར་ཟ་སྐབས་བསྲོས་ནས་ཟ་དགོས། ཟས་རིགས་བཙོས་མ་དང་རློན་པ་སོ་སོར་བགར་ནས་འཇོག་དགོས། ངོ་བོ་འགྱུར་བའི་ཟས་རིགས་གཏན་
ནས་ཟ་མི་རུང་། གསུམ་པ། སྣོད་ཆས་ཅ་ལག་རྣམས་གཙང་མ་བྱེད་དགོས།