ད་ལྟ་ལུས་ཁམས་བདེ་སྲུང་སྨན་རྫས་ཀྱི་ཚོང་གཉེར་པ་ཁ་ཤས་སྡེ་ཁུལ་དུ་སོང་ནས་རྒན་པ་རྣམས་ལ་རིན་མི་ལེན་པར་ལུས་ཕུང་བརྟག་བཤེར་བྱེད་པ་དང་ཁྲག་ཤེད་འཇལ་བ་བཅས་བྱས་རྗེས། དམིགས་ཡུལ་ཡོད་པའི་སྒོ་ནས་རང་ཉིད་ཀྱི་ཚོང་རྫས་དེའི་ནུས་པ་བཤད་དེ་རྒན་པ་རྣམས་ལ་རིན་གོང་མཐོ་བའི་ལུས་ཁམས་བདེ་སྲུང་གི་སྨན་རྫས་ཉོ་བར་བསླུ་བྲིད་གཏོང་བཞིན་ཡོད། དེའི་རྐྱེན་གྱིས་འདིར་ཡང་བསྐྱར་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་ལུས་ཁམས་བདེ་སྲུང་སྨན་རྫས་ཉོ་སྐབས་མཉམ་འཇོག་བྱ་དགོས་ས་འགའ་མཚམས་སྦྱོར་བྱས་ཡོད་པ་སྟེ།
གཅིག་ནས་ཆོག་འཐུས་དཔང་ཡིག་ཡོད་མེད་ལ་བལྟ་དགོས། ཆོག་འཐུས་དཔང་ཡིག་དང་ངེས་གཏན་གྱི་ཚོང་གཉེར་ཁང་མེད་ན་ཉོ་མི་རུང་། འཛད་སྤྱོད་པས་རང་ཉིད་ཀྱི་དོགས་ཟོན་ཇེ་མཐོར་གཏོང་བ་དང་དབྱེ་འབྱེད་ནུས་པ་ཇེ་དྲག་ཏུ་བཏང་ནས། ཆོག་འཐུས་དཔང་ཡིག་ཆ་ཚང་བའི་ཕྱིར་འཚོང་ཁང་དུ་སོང་ནས་ཉོ་བ་ལས། ཆོག་འཐུས་དཔང་ཡིག་མེད་པ་དང་ངེས་གཏན་གྱི་ཚོང་གཉེར་ཁང་མེད་པའི་ལུས་ཁམས་བདེ་སྲུང་གི་སྨན་རྫས་ཉོ་མི་རུང་།
གཉིས་ནས་མཆན་བཀོད་ཨང་གྲངས་ལ་བལྟ་དགོས། མཆན་བཀོད་ཨང་གྲངས་དང་འཕྲོད་བསྟེན་པུའུ་ཡིས་གཏན་འཁེལ་བྱས་པའི་ལུས་ཁམས་བདེ་སྲུང་སྨན་རྫས་ཀྱི་མཚོན་རྟགས་ལ་བལྟ་དགོས། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་ལུ