དང་པོ། བྱིས་པའི་མིག་གི་བདེ་སྲུང་སྐོར།
གཅིག འོད་ཆེས་དྲགས་པ་དང་ཡང་ན་མུན་ནག་ཏུ་དཔེ་ཆར་བལྟ་མི་རུང་ལ། གཡོ་འགུལ་བྱེད་བཞིན་པའི་སྒྲོན་མེའི་འོག་དང་རླངས་འཁོར་ནང་། ཡང་ན་ཉལ་ཁྲིའི་ཐོག་བཅས་སུའང་དཔེ་ཆར་བལྟ་བ་དང་ཡི་གེ་བྲིས་ན་མིག་ལ་གནོད་པ་ཆེ།
གཉིས། མིག་ནང་དུ་ས་རྡུལ་དང་ཡང་ན་རྡུལ་རྫས་ཕྲ་མོ་གཞན་སོང་ཚེ་མཛུབ་མོས་མིག་འཕུར་བ་དང་། ལྭ་བའི་ཕུ་ཐུང་གིས་ཕྱིས་པ། སེན་མོས་འདྲད་པ་བཅས་མི་བྱེད་པར་ཆུ་གཙང་མོས་བཀྲུ་དགོས།
གསུམ། བསྟུད་མར་བརྙན་འཕྲིན་ལ་སྐར་མ་སུམ་ཅུར་བལྟས་པའི་རྗེས་སུ་ཅུང་ཙམ་ངལ་གསོས་ཏེ། བར་ཐག་སྨི་ལྔ་ཙམ་ཡོད་པའི་སར་སྐར་མ་བཞི་ལྔ་ཙམ་ལ་རྒྱང་ལྟ་བྱས་ན་བཟང་།
བཞི། སྐྱ་ཀའི་མཁྲིས་པ་དང་། ཡང་ན་འུ་སུ་བསྲེགས་ཐལ། ཛ་ཏིའི་ཕྱེ་མ་དྲི་ཆུར་སྦྱར་བ་ལུས་ལ་བྱུགས་ན་མིག་མི་ཕྱིད།
ལྔ། རྒྱང་སྒྲིབ་དང་། ཉེ་སྒྲིབ། ཐོར་འོད་བཅས་ཀྱིས་གནས་ཚུལ་བྱུང་ཡོད་པ་ཤེས་ན། སྔ་མོ་ནས་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་ཏེ་མིག་ཤེལ་གྱོན་དགོས།
གཉིས་པ། བྱིས་པའི་རྣ་བའི་བདེ་སྲུང་སྐོར།
གཅིག བྱིས་པའི་ཤ་པགས་ཀྱི་གྲུབ་ཆ་བརྟས་ཚར་མེད་པས་སེན་མོ་དང་། ལྕགས་ཐུར། འབར་ཞུན་སོགས་རྣོ་ཞིང་སྲ་མཁྲེགས་ཅན་གྱི་རྣ་བ་འབྲུ་མི་རུང་།
གཉ