ཟླ་དྲུག་པོའི་ཚེས་ཉེར་ལྔ་ཉིན། ཀྲུང་གོའི་སྨན་པའི་མཐུན་ཚོགས་ཀྱིས་དངོས་སུ«ཀྲུང་གོའི་སྨན་པའི་ཀུན་སྤྱོད་ཚད་གཞི»ཁྱབ་བསྒྲགས་བྱས་པ་དང་། ཚད་གཞི་ལ་བསྡོམས་པས་དོན་ཚན་བཞི་བཅུ་ཡོད་པ་དང་། དོན་ཚན་དང་པོའི་ནང་དུ་ནད་པ་གོ་གནས་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་དང་ནད་པར་བརྩི་འཇོག་བཟང་པོ་བྱ་དགོས་པ་གཏན་འཁེལ་གསལ་བོ་བྱས་ཡོད།
སྨན་པ་དང་ནད་པའི་འབྲེལ་བའི་ཕྱོགས་ནས། ཚད་གཞིའི་སྟེང་ནད་པའི་ལོ་ཚོད་དང་ཕོ་མོའི་དབྱེ་བ། གཉེན་འབྲེལ་གྱི་གནས་ཚུལ། ཆབ་སྲིད་འབྲེལ་བ། མི་རིགས། ཆོས་ལུགས་དད་མོས། རྒྱལ་ཁབ། སྐྱེས་ཡུལ། ལུས་ཕུང་བཅས་སམ་བསམ་པའི་གནས་ཚུལ། དཔལ་འབྱོར་གོ་གནས་སོགས་ལ་རྐྱེན་བྱས་ཏེ་ནད་པར་སྨན་བཅོས་མི་བྱེད་པའམ་ཡང་ན་མཐོང་ཆུང་བྱེད་མི་ཆོག་པ་དང་། སྨན་པས་གཤག་བཅོས་དང་དམིགས་བསལ་གྱི་ནད་བཤེར། སྨན་བཅོས་བཅས་ཀྱི་སྔོན་ལ་གནས་ཚུལ་ཤེས་པའམ་ཡང་ན་འཐད་པ་བྱུང་ཡོད་པ་སོགས་ནི་འགན་མི་འཁུར་པའམ་རང་ཉིད་སྲུང་སྐྱོང་བྱེད་པའི་ཐབས་ཤེས་ཤིག་ཏུ་བརྩི་མི་ཆོག སྨན་པ་ལ་ནད་པར་སྨན་སྟེར་བ་དང་ནད་བཅོས་བྱེད་པ་སོགས་ཀྱི་ལག་རྩལ་འཇབ་ཇུས་ཀྱི་རང་བདག་དབང་ཆ་ཡོད་ལ། ནད་པའི་ཁེ་དབང་ལ་གནོད་འཚེ་ཐེབས་ངེས་ཏེ་སྨན་པ་རང་ཉིད་ལ་ཐག་གཅོད་བྱེད་པའི་ནུས་པ་མེད་པའི་སྐབས་སུ། ངེས་པར་རང་རྟོགས་ཀ