བསམ་འགྲུབ་རྒྱལ།
མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་བསམ་འགྲུབ་རྒྱལ་ལགས་སྤྱི་ལོ༡༩༦༧ལོར་མདོ་སྨད་རེབ་གོང་ཡུལ་དུ་སྐྱེས་ཤིང་། རང་ལོ་བཅུ་དྲུག་ནས་རྨ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭར་ཞུགས་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་སྦྱངས་བརྩོན་ལྷོད་མེད་བྱས་མཐར་སློབ་གྲྭ་དེར་དགེ་རྒན་གྱི་ལས་ཀ་གཉེར། སྔ་རྗེས་སུ་དགེ་བའི་བཤེས་གཉེན་དམ་པ་དབྱིག་གཉེན་མཆོག་དང་དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ། མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་དང་། ཤིང་བཟའ་སྐལ་བཟང་རིན་པོ་ཆེ་སོགས་ཀྱི་དྲུང་ནས་གསོ་བ་རིག་པ་གཙོ་བྱས་པའི་ནང་དོན་རིག་པ་དང་། ཚད་མ་རིག་པ་སོགས་ལ་ཐོས་བསམ་རྒྱ་ཆེར་བྱས། ༡༩༩༥ལོར་མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་གི་ཆེད་སྦྱོང་འཛིན་གྲྭ་ནས་སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེ་གར་ལས་སྤོར་བྱས་ཏེ་དགེ་རྒན་གྱི་ལས་ལ་ཞུགས། ༢༠༠༥ལོར་གསོ་རིག་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། ད་བར་དུ་གསོ་རིག་དང་འབྲེལ་བའི་དཔྱད་རྩོམ ༢༠ ལྷག་སྤེལ་བ་དང་སློབ་