མི་རྣམས་ཀྱིས་རྒྱུན་པར་ཡིད་མུག་པ་དེ་རྒྱུན་ལྡན་གྱི་སེམས་སྡུག་པའམ་སེམས་སྐྱོ་བ་དེ་ཡིན་པར་འདོད་ཡོད་མོད། ནད་ཐོག་ནས་ཡིད་མུག་པ་ནི་མི་ཞིག་གི་ལུས་ཁམསjདང་བརྩེ་བ། བསམ་བློའི་འགུལ་སྐྱོད་ཐད་ཕོག་ཐུག་ཆེན་པོ་བྱུང་བར་བསྟན་པ་རེད། དེ་བས་ཡིད་མུག་པའི་ནད་བྱུང་ཡོད་མེད་གཤམ་གྱི་གནད་དོན་དག་ལས་ཤེས་ཐུབ།
དང་པོ། ཁྱོད་ལ་ཉིན་གཅིག་གི་དུས་ཚོད་ལས་ཕལ་ཆེ་བའམ་ཡང་ན་ཉིན་རྒྱུན་ཡིད་མུག་པའི་ཚོར་བ་ཡོད་དམ།
གཉིས་པ། ཁྱོད་རང་ཉིན་རྒྱུན་གྱི་བྱ་འགུལ་དང་། ཁྱད་པར་དུ་ཁྱོད་ལ་སྤྲོ་སྣང་སྟེར་བའི་བྱ་འགུལ་ལ་སྤྲོ་བ་ཉམས་པ།
གསུམ་པ། ཁྱོད་ཀྱི་ལུས་པོའི་ལྗིད་ཚད་བརྒྱ་ཆའི་ལྔ་ཇེ་ཡང་ངམ་ཡང་ན་ཇེ་ལྗིད་དུ་འགྲོ་མིན་དང་། ཁྱོད་ཀྱི་ཟ་མའི་ཡི་ག་མངོན་སུམ་གྱི་ཇེ་ཆེའམ་ཇེ་ཆུང་དུ་འགྲོ་གིན་ཡོད་མེད།
བཞི་བ། དགོང་མོ་རྒྱུན་དུ་གཉིད་མང་བའམ་གཉིད་ཉུང་བ།
ལྔ། ཁྱེད་ཀྱིས་གོམ་པ་དལ་མོར་སྤོས་ནས་འགྲོ་བ་དང་རྐང་བར་དལ་མོར་རྡུང་བ། ལག་པའི་མཁྲིག་མ་འགུལ་བ། ཡང་ན་འགུལ་སྟངས་གཅིག་ཡང་དང་ཡང་དུ་བྱེད་ཀྱིན་ཡོད་མེད།
དྲུག ཁྱེད་རང་ཉིན་གང་བོར་ཐང་ཆད་པའམ་ཡང་ན་ཤུགས་མེད་པ་ཡིན་མིན།
བདུན། ཁྱེད་རང་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་རང་ཉིད་ལ་རིན་ཐང་མེད་པའམ་ཡང་ན་ཉ