ཉེ་ལམ་མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གིས་མཚོ་སྔོན་སྙིང་རྗེ་སྤྱིའི་ཚོགས་པར་རིན་ཐང་ལ་སྒོར་ཁྲི་215ཙམ་གྱི་སྨན་རྫས་ཞལ་འདེབས་སུ་ཕུལ་བར་མ་ཟད། ད་དུང་མཚོ་སྔོན་སྙིང་རྗེ་སྤྱིའི་ཚོགས་པ་དང་མཉམ་འབྲེལ་སྒོས། དུས་ཡུན་ལོ་ངོ་གཅིག་ཙམ་གྱི་རིང་ལ་གཅིན་སྙིའི་ནད་བྱུང་ཡོད་པའི་ནད་པ་ལྔ་བརྒྱར་རིན་མི་ལེན་པར་ཞག་སྡོད་སྨན་བཅོས་བྱེད་བཞིན་ཡོད། ཁོ་ཚོ་སྨན་ཁང་གིས་ཟླ་རེ་རེར་ནད་པ་བཞི་བཅུ་ཙམ་རེར་ཞག་སྡོད་སྨན་བཅོས་བྱས་ནས་ལོ་གཅིག་གི་ནང་དུ་ནད་པ་ལྔ་བརྒྱ་བོར་མི་རེར་སྒོར་བཞི་སྟོང་སུམ་བརྒྱས་སྨན་སྦྱིན་བྱེད་རྒྱུ་ཡིན་པ་དང་། ནད་པ་རང་ཉིད་ནས་སྨན་ཁང་ལ་སྨན་རིན་སོགས་འགྲོ་གྲོན་གཅིག་ཀྱང་སྟེར་མི་དགོས་ལ། ཟླ་རྗེས་མར་ད་དུང་མུ་མཐུད་དུ་ཞག་སྡོད་བྱེད་ན་སྨན་རིན་ཕྱེད་ཀ་མ་གཏོགས་སྟེར་མི་དགོས་པར་མ་ཟད། སྨན་རིན་གྱི་བརྒྱ་ཆའི་ཉི་ཤུ་མར་ཕབ་སྟེ་ཟ་ཁུ་ཀུན་འཇོམས་སོགས་ཉོས་ཆོག དེ་བས་རྒྱ་ཆེའི་གཅིན་སྙིའི་ནད་བྱུང་ཡོད་པས་ནད་པ་རྣམས་ཀྱིས་གོ་སྐབས་དམ་འཛིན་སྒོས་མཚོ་སྔོན་འཇིགས་མེད་བོད་སྨན་ཁང་དུ་སྨན་རིན་མི་དགོས་པའི་ཞག་སྡོད་སྨན་བཅོས་བྱེད་དུ་ཡོང་བར་དགའ་བསུ་ཞུ།
འབྲེལ་གཏུག་བྱེད་ས། སྨན་པ་རིག་འཛིན་ཆོས་གྲགས།
ཁ་པར་ཨང་གྲངས། 18697233315དང་ཡང་ན། 0971-5316870ཡིན༎
