$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2014.09.19 ཡོང་ཁུངས།མཚོ་སྔོན་ཉིན་རེའི་ཚགས་པར།
0
0

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམངས་འཚོ་ལེགས་བསྒྱུར་གྱི་རིམ་སྤོར་ཚད་གཞི་གསར་སྐྲུན་བྱེད་པའི་བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་ཆེད། ཉེ་ལམ་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས2014ལོའི་འཕྲོད་བསྟེན་ལས་གཞིའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བཞི་ས་ཡ་གསུམ་འབུམ་བདུན་མར་བྱིན།

རྒྱུས་ལོན་བྱུང་བ་ལྟར་ན། མ་དངུལ་དེ་དག་གཙོ་བོར་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་བྱིས་པའི་སྨན་བཅོས་ཞབས་ཞུའི་མ་ལག ནད་ལྕི་མོ་འགོག་བཅོས་དང་ཚོད་འཛིན་བྱེད་པའི་མ་ལག ཟས་རིགས་བདེ་འཇགས་ཐད་ཀྱི་ཉེན་ཁའི་ལྟ་ཞིབ་ཚད་ལེན་མ་ལག མི་གྲངས་དང་འཆར་ལྡན་བུ་སྐྱེས་ཞབས་ཞུའི་མ་ལག ནད་རིགས་ཀུན་གྱི་བཅོས་ཐབས་ལ་མཁས་པའི་སྨན་པའི་གསོ་སྦྱོང་རྟེན་གཞི། ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྨན་ཁང་བཅས་ཕྱོགས་བདུན་གྱི་ལས་གཞི་བརྒྱད་བརྒྱ་དང་སོ་བརྒྱད་ཀྱི་འཛུགས་སྐྲུན་ཐད་བཀོལ་རྒྱུ་རེད། མིག་སྔར། ལས་གཞི་སྡེ་ཁག་སོ་སོས་ལས་གཞི་འཛུགས་སྐྲུན་སྔོན་གྱི་བྱ་བ་སྣ་ཚོགས་དུས་ཚོད་དམ་འཛིན་སྒོས་སྒྲུབ་བཞིན་ཡོད

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།