གཅིག ཅི་ཞིག་ལ་མཆིན་ནད་ལྡེམ་བུ་ཟེར།
ནད་དུག་རང་བཞིན་གྱི་མཆིན་ཚད་ཀ་པ་ནི་མཆིན་ནད་ལྡེམ་བུའི་ནད་དུག་གིས་བསླངས་ཤིང་། མཆིན་པར་གཉན་ཚད་རྒྱས་པ་དང་། ཤི་འདྲིལ་རང་བཞིན་གྱི་ནད་བབ་འགྱུར་བ་གཙོ་ཡིན་པའི་འགོ་ནད་རང་བཞིན་གྱི་ནད་རིགས་ཤིག་ཡིན། ནད་ཐོག་གི་མངོན་རྟགས་གཙོ་བོར་འཇུ་ལམ་གྱི་ནད་རྟགས་འབྱུང་ཞིང་། དེ་དང་བསྡོངས་ནས་ལུས་ཡོངས་སུ་ནད་རྟགས་གཞན་པའང་འབྱུང་། ནད་བབ་དེ་འགོར་འགྱངས་སུ་བཏང་ན། དལ་བའི་རང་བཞིན་གྱི་མཆིན་ཚད་དང་མཆིན་པ་སྲ་འགྱུར། མཆིན་འབྲས་བཅས་སུ་འགྱུར་སྲིད།
གཉིས། མཆིན་ནད་ལྡེམ་བུ་དེ་ཇི་ལྟར་འགོ་བ་ཡིན།
མཆིན་ནད་ལྡེམ་བུའི་ནད་དུག་གི་འགོ་ལམ་གཙོ་བོ་ནི་ཁྲག་རྒྱུན་བརྒྱུད་ནས་བགོ་བ་དང་། མས་བུ་ལ་བགོ་བ། ཕོ་མོ་ལུས་འབྲེལ་བྱུང་བ་ལས་བགོ་བ་བཅས་རིགས་གསུམ་ཡོད། ཚད་ལྡན་སྒོས་དུག་སེལ་བྱས་མེད་པའི་སྨན་བཅོས་སྒྲིག་ཆས་དང་གཤགས་བཅོས་ཡོ་བྱད། བདེ་འཇགས་མིན་པའི་ཁབ་རྒྱག་པ། རྩ་ལམ་དུ་དུ་ནག་གི་ཁབ་རྒྱག་པ། ལུས་ཐོག་ཏུ་རི་མོ་ཕབ་པ། རྣ་ཕུག་པ། ཁ་སྤུ་བཤར་སྤྱད་དང་སོ་འབྲད་མཉམ་བཀོལ་བྱེད་པ་བཅས་ལས་འགོ་ཉེན་ཤིན་ཏུ་ཆེ། མས་བུ་ལ་བགོ་བ་དེ་གཙོ་བོར་བྱིས་པ་བཙའ་སྐབས་མཆིན་ནད་ལྡེམ་བུའི་ནད་དུག་ཡོད་པའི་མས་ཁྲག་ལམ་ནས་བུ་ལ་བགོ་སྲིད། འགོག་སྲུང་མེད་པའི་ཕོ