ཉེ་སྔོན། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྨན་བཅོས་ཀུང་ཟི་ཏུང་རན་ཚོགས་ཁག་གིས་ཀྲུང་གོ་རྒྱ་གྲམ་དམར་པོ་ཐེབས་རྩ་ཚོགས་པ་དང་མཚོ་སྔོན་རྒྱ་གྲམ་དམར་པོ་ཚོགས་པར་མངག་བཅོལ་བྱས་ཏེ། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་ལ་རིན་ཐང་སྒོར་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་གསུམ་ལྷག་གི་སྨན་བཅོས་སྒྲིག་ཆས་དང་གསོ་སྦྱོང་ཐེབས་རྩ་ཕུལ་བས། རང་ཞིང་གི་སྨན་བཅོས་སྒྲིག་གཞི་ལ་རོགས་བྱས་ནས་མཁྲེགས་ཆས་སྒྲིག་བཀོད་ལེགས་བཅོས་དང་སྨན་ཁང་གི་བརྟག་བཅོས་ཆུ་ཚད་ཇེ་མཐོར་བཏང་།
ཏུང་རན་ཚོགས་ཁག་ཀུང་ཟིས་སྨན་བཅོས་མཉེན་ཆས་གསར་སྤེལ་བྱེད་པ་གཙོ་བོར་བརྩིས། དེ་ནི་རང་རྒྱལ་གྱི CT འཕྲུལ་ཆས་ཨང་དང་པོ་རང་བདག་ཞིབ་འཇུག་དང་གསར་སྤེལ་བྱས་པའི་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་རྩོད་ནུས་པ་ལྡན་པའི་ཁེ་ལས་ཤིག་རེད། ཐེངས་འདིར་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་ལ་རིན་ཐང་སྒོར་བྱ་བ་གཅིག་དང་ས་ཡ་གཅིག་ལྷག་གི་སྨན་བཅོས་སྒྲིག་ཆས་དང་སྒོར་འབུམ་གསུམ་གྱི་གཞི་རིམ་སྨན་བཅོས་གསོ་སྦྱོང་ཐེབས་རྩ་ཞལ་འདེབས་སུ་ཕུལ།
ལོ་ཙཱ་བ། འབྲུག་མོ།