གཅིག ལུས་ཕུང་དང་སེམས་ཁམས་བདེ་ཐང་ཡོང་བར་ཆེས་ཕན་པའི་བྱེད་ཐབས་གཙོ་བོ་ནི་འགུལ་སྐྱོད་ཡིན།
འགུལ་སྐྱོད་བྱས་ན་ལུས་ཕུང་གི་དོན་ལྔ་སྣོད་དྲུག་ཚང་མར་ཚད་མི་འདྲ་བའི་སྦྱོང་བརྡར་ཐོབ་པ་མ་ཟད། སེམས་ཁམས་བདེ་ཐང་ཐད་ལའང་ནུས་པ་བཟང་བོ་ཐོན་ཐུབ། འགུལ་སྐྱོད་བྱས་ན་ད་རུང་ལུས་ཟུངས་རྒྱས་པ་དང་ཚོ་བྱང་བ། གློ་བའི་ནུས་པ་དང་ནད་འགོག་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་པ་མ་ཟད། ནད་འབྱུང་ཚད་ཇེ་ཉུང་དུ་གཏོང་བ་དང་། ཁྲན་རྒྱུན་འཁོར་སྐྱོད་ལེགས་བཅོས་དང་རྙིང་ཚབ་གསར་བྱེད་ལ་ཡར་སྐུལ་བྱེད་ཐུབ། གཞན་ད་རུང་སེམས་ཁམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ་པ་ཡིན།
གཟའ་འཁོར་རེར་སྦྱོང་བརྡར་ཐེངས་གསུམ་ནས་ཐེངས་ལྔ་བར་བྱེད་དགོས་པ་དང་། ཐེངས་རེའི་སྦྱོང་བརྡར་བྱེད་ཡུན་དུས་ཚོད་གཅིག་ལས་མི་ཉུང་བ་བྱེད་དགོས། སྦྱོང་བརྡར་བྱེད་ཚད་མགྱོགས་པ་དང་ཤུགས་དྲག་པའི་སྦྱོང་བརྡར་བྱེད་མི་རུང་། དེ་ལྟར་བྱས་ན་དབུགས་འཚང་བ་སོགས་ལུས་པོ་མི་བདེ་བའི་ཚོར་སྣང་འབྱུང་སྲིད།
གཉིས། བདེ་ཐང་སྤྲོ་སྐྱིད་ཀྱི་བྱ་སྤྱོད།
མི་ནི་ཁྱིམ་ཚང་གི་གྲུབ་ཆ་ཡིན་ལ། ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་མ་ལག་ཡིན། མཚོ་སྔོན་ཞིང་ཆེན་གྱིས2009ལོར་བདེ་ཐང་སྤྲོ་སྐྱིད་ཀྱི་བྱ་སྤྱོད་བཏོན་ཏེ། ཞབས་ཞུ་བྱ