མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཆེད་དོན་སྐོར་ཞིབ་ཚན་ཁག་གཉིས་པས་མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ནོར་སྲིད་འཁོར་རྒྱུག་ལ་སྐོར་ཞིབ་བྱས་པའི་གནས་ཚུལ་ཡར་ཞུ་བྱས། ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཆེད་དོན་སྐོར་ཞིབ་ཚན་ཁག་གཉིས་པའི་ཚན་གཙོ་ཀུན་གཡང་གིས་སྐོར་ཞིབ་ཚན་ཁག་གི་ཚབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཅིན་ཅན་ལ་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་མི་ལྔས་གྲུབ་པའི་ཚན་ཆུང་གི་གྲོས་ཚོགས་སྟེང་བཤད་པའི་སྐོར་ཞིབ་བྱ་བའི་གཏམ་བཤད་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་ལ་སྐོར་ཞིབ་བྱས་པའི་གནས་ཚུལ་ཡར་ཞུ་བྱས།
ཀུན་གཡང་གིས་བསྟན་དོན། ཉེ་བའི་ལོ་འདི་ཚོར། མཚོ་སྔོན་ཞིང་ཆེན་གྱིས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་མ་ལག་ཁྲོད་ནས་སྨན་བཅོས་འཕྲོད་བསྟེན་བཅོས་སྒྱུར་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཟམ་མ་ཆད་པའི་སྒོ་ནས་ནོར་སྲིད་འཁོར་རྒྱུག་ལེགས་