འཛམ་གླིང་ཀྲུང་མཐུན་བོད་གསོ་རིག་མཐུན་ཚོགས་གསར་འཛུགས་ཀྱི་གྲ་སྒྲིག་ཚོགས་འདུ་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུའི་ཉིན་མཚོ་སྔོན་མགྲོན་ཁང་དུ་བསྡུས། བོད་ལྗོངས་དང་ཟི་ཁྲོན། ཀན་སུའུ། ཡུན་ནན། མཚོ་སྔོན་བཅས་ནས་ཡོང་བའི་བོད་གསོ་རིག་གི་ཆེད་མཁས་པ་དང་བོད་སྨན་ཁང་གི་ཡོན་ཀྲང་སྐོར་ཞིག་གྲོས་ཚོགས་སུ་ཞུགས།
འཛམ་གླིང་ཀྲུང་སྨན་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་སྨན་བཅོས་དོ་དམ་དང་འཇོན་མི་བརྗེ་རེས་མཉམ་ལས་པུའུ་ཡི་ཀྲུའུ་རིན་ཀོན་ཐའོ་ཡིས་ཚོགས་པ་དེ་ཇི་ལྟར་བཙུགས་པ་དང་དེའི་དམིགས་ཡུལ། ལས་སྒོ་སོགས་གསལ་བཤད་བྱས་པ་དང་། མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ཡོད་ཀུང་སིའི་མགོ་གཙོ་འཇིགས་མེད་ཕུན་ཚོགས་ལགས་ཀྱིས་ཚོགས་པ་དེ་འཛུགས་པའི་སྔོན་འགྲོའི་བྱ་བ་ཇི་ལྟར་བསྒྲུབ་ཚུལ་དང་དེའི་དགེ་མཚན་སོགས་ཀྱི་ཐད་ནས་གཏམ་བཤད་གནངས།
བོད་ལུགས་གསོ་རིག་ནི་འཛམ་གླིང་གི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་གསོ་རིག་ཁྲོད་ཀྱི་ནོར་བུ་ལྟ་བུ་ཞིག་དང་། རང་རྒྱལ་སྲོལ་རྒྱུན་གསོ་རིག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། ད་ལྟའི་བར་ལོ་ངོ་སུམ་སྟོང་བརྒྱད་བརྒྱ་ལྷག་འགོར་ཡོད། བོད་ལུགས་གསོ་རིག་དང་རྒྱ་གར་གྱི་གསོ་རིག ཀྲུང་ལུགས་གསོ་རིག ནུབ་གླིང་གི་གསོ་རིག་བཅས་ལ་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཆེན་པོ་བཞ