ཨ་ཟི་ཕི་ལིན་གྱི་ཐོག་མའི་བཤད་རྒྱུན་ནི་ནུབ་ཕྱོགས་གསོ་རིག་གི་རྨང་འདིང་མཁན་གྱི་གྲས་ཏེ། མིང་དུ་གྲགས་པའི་གནའ་བོའི་ཀེ་རི་སིའི་སྨན་པ་ཞི་པའོ་ཁི་ལ་ཏེ་ལས་བྱུང་བ་ཡིན་ལ། ཁོས་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་པའི་ནང་ལྕང་མའི་ཤུན་པགས་ལ་ཟུག་གཟེར་དང་ཚ་བ་ཞི་བའི་ནུས་པ་ལྡན་ཚུལ་ཟིན་ཐོར་བཀོད་ཡོད། ཨེ་ཅིབ་ཀྱི་གནའ་བོའི་གསོ་རིག་ཡིག་ཆ《ཨེ་པའོ་ཟི་ཡིག་ཆ》ཞེས་པར་ཨེ་ཅིབ་པས་མ་མཐའ་ཡང་སྤྱི་ལོ་སྔོན་གྱི་ལོ་ཉིས་སྟོང་སྔོན་ནས་ལྕང་མ་སྐམ་པོའི་ལོ་མ་ལ་ན་ཟུག་གཅོག་པའི་ནུས་པ་ལྡན་པ་རྟོགས་ཡོད་པའི་ཟིན་ཐོ་བཀོད་འདུག ཀྲུང་གོའི་《 ཧྲིན་ནོན་སྔོ་འབུམ》ཞེས་པར་ལྕང་མའི་རྩ་བ་དང་པགས་པ། ཡལ་ག་དང་ལོ་མ་བཅས་པ་སྨན་དུ་བཀོལ་ཆོག་ཅིང་། དེ་ལ་ལུད་སེལ་མིག་གསལ་དང་གཅིན་རྒྱུ་རླུང་འགོག་གི་ནུས་པ་ལྡན་པ་དང་། ཕྱི་བཀོལ་ལ་སོ་གཟེར་གཅོག་པའི་ནུས་པ་ལྡན་པར་བཤད་ཡོད། 1898ལོར་ད་གཟོད་འཇར་མན་གྱི་རྫས་འགྱུར་རིག་པ་སྨྲ་བ་ཧའོ་ཧྥུ་མན་གྱིས་ཆུ་གཡང་སྐྱུར་དབྱི་ཞན་ཆུ་གཡང་སྐྱུར་དུ་བཟོས་པ་ལེགས་འགྲུབ་བྱུང་བར་མ་ཟད། 1900ལོར་འཇར་མན་གྱི་པེར་སྨན་བཟོ་ཁང་ནས་ཐོན་སྐྱེད་བྱེད་མགོ་བརྩམས། དེ་ནས་བཟུང་མིང་ལ་ཡང་ཨ་ཟི་ཕི་ལིན་ཞེས་བཏགས་ལ་དེ་ལ་ཞིབ་འཇུག་བྱེད་པའི་ལས་སྒོ་ཡང་ཡོངས་སུ་མགོ་བརྩམས།
ཨ་ཟི་ཕི་ལིན་གྱི་ཞིབ་འ