3. ༡༩༨༩ལོར་ཨ་རིའི་ནད་ཐོག་སྨན་པ་ཁྲི་གཉིས་ཙམ་གྱི་བདེ་ཐང་ལ་ཞིབ་འཇུག་བྱས་པ་ནི་ཨ་ཟི་ཕི་ལིན་གྱི་རིམ་པ་དང་པོའི་སྔོན་འགོག་ཁྱབ་ཁོངས་ཀྱི་ཞིབ་འཇུག་གལ་ཆེན་ཞིག་ཡིན་ལ། དེའི་མཇུག་འབྲས་ལས་མངོན་པ་ལྟར་ན། ཨ་ཟི་ཕི་ལིན་གྱིས་གཅིན་སྙི་ཟ་ཁུའི་ནད་ཕལ་བས་ཐོག་དང་པོར་འཆི་བར་བྱེད་པའི་སྙིང་འགག་གི་ནད་འབྱུང་ཚད་བརྒྱ་ཆའི་རེ་གཅིག་གིས་ཇེ་ཉུང་དུ་བཏང་ཡོད། དེ་མཚུངས་ཀྱི་ཞིབ་འཇུག་ལས་ཨ་ཟི་ཕི་ལིན་གྱིས་གཅིན་སྙི་ཟ་ཁུའི་ནད་ཀྱི་བླ་གཉན་དུ་ཁྲག་ཤེད་མཐོ་བའི་ནད་བསྡོངས་ཡོད་པའི་ནད་པར་སྙིང་ཤ་འགག་པའི་ནད་འབྱུང་བའི་ཉེན་ཁ་བརྒྱ་ཆའི་སོ་དྲུག་གིས་ཇེ་ཉུང་དུ་ཕྱིན་ཡོད་པ་དང་། སྙིང་དང་ཁྲག་རྩའི་ནད་ཀྱི་དོན་རྐྱེན་གཙོ་བོའི་ཉེན་ཁ་བརྒྱ་ཆའི་བཅོ་ལྔ་ཇེ་ཉུང་དུ་ཕྱིན་ཡོད་པ་ཤེས་ལ། དབང་རྩའི་མ་ལག་གཙོ་བོ་ཁག་ནས་ཁྲག་འབྱུང་བ་དང་ཁྲག་མང་པོ་འབྱུང་བའི་དོན་རྐྱེན་ཇེ་མང་དུ་སོང་ཡོད་མེད་མི་གསལ། དེ་མིན་ད་དུང་གཅིན་སྙི་ཟ་ཁུར་ལིང་ཏོག་བསྡོངས་པའི་ནད་གཞི་འགོག་བཅོས་ཀྱི་ཞིབ་འཇུག་ལས། ཨ་ཟི་ཕི་ལིན་ལ་མངར་ཁྲག་གི་ཚད་ཇེ་དམར་གཏོང་བ་དང་། ནད་པའི་མངར་ཆ་བཟོད་ནུས་དང་གཤེར་གླིང་རྒྱུར་ཚོར་བ་སྐྱེན་པའི་ནུས་པ་ཇེ་མཐོར་གཏོང་བའི་ནུས་པ་མངོན་གསལ་ཡོད་པ་ཤེས། ནད་པས་ཉིན་རེར་ལུས་ཀྱི་ལྗིད་ཚད་སྤྱི་རྒྱ་རེར་ཨ་ཟི་ཕི་ལིན