༡.ཞོ་མང་ཙམ་འཐུང་བ།
རྒྱུ་མ་ནི་མིའི་ལུས་ཕུང་གི་འཇུ་བྱེད་དང་སྡུད་ལེན་གྱི་དབང་བོ་གལ་ཆེན་ཞིག་ཡིན་ལ། ཆེས་ཆེ་བའི་རིམས་འགོག་དབང་བོ་ཡང་ཡིན། སྟོབས་དང་ལྡན་པའི་རིམས་འགོག་ནི་གཙོ་བོ་བདེ་ཐང་དང་གསོན་ཤུགས་ཆེ་བའི་རྒྱུ་མ་ལ་བརྟེན་ཡོད་པ་རེད། དེར་བརྟེན་ཆམ་རིམས་འབྱུང་ཚད་མཐོ་བའི་སྐབས་སུ། ལྷག་ཏུ་ཕན་ལྡན་ཕྲ་ཕུང་ཁ་གསབ་བྱ་འོས་ལ། དེ་ནི་ཞོ་དང་ཕྱུར་བ་སོགས་ཟས་རིགས་མང་ཙམ་བཏུང་བ་བརྒྱུད་དེ་བསྡུ་ལེན་བྱ་ཆོག་ཅིང་། དེ་ལྟར་བྱས་ན་རྒྱུ་མའི་ཕྲ་ཕུང་གི་ཚོགས་སྙོམ་སྒྲིག་བྱེད་པར་དགེ་མཚན་ལྡན་པ་དང་། དེ་ཡིས་གཉན་ཚད་གཅོག་པ་དང་ཆམ་རིམས་འགོ་བ་སྔོན་འགོག་བྱེད་པ་རེད།
༢.སྣ་ཁུང་གཙང་འཁྲུད་བྱེད་པ།
རང་ལུས་གྱི་གཙང་སྦྲ་ནི་ཆམ་པ་སྔོན་འགོག་བྱེད་པའི་བྱེད་ཐབས་གཙོ་བོ་ཡིན། དེ་ཡང་སྣ་ཁུང་ནི་མིའི་ལུས་ཕུང་གི་དབུགས་ལམ་མ་ལག་གལ་ཆེན་ཞིག་ཡིན་པས། ཉིན་རེ་བཞིན་ཚྭ་ཆུས་སྣ་ཁུང་གཙང་འཁྲུད་བྱས་ན། སྣ་ཁུང་དང་ཁ་ནས་མི་གཙང་བའི་དངོས་པོ་མིའི་ལུས་ཕུང་ནང་འཛུལ་ནས་ཆམ་པ་འབྱུང་དུ་འཇུག་པ་གཡོལ་ཐུབ་པ་རེད།
༣.གློག་སྐས་ནང་ཉུང་འདུག་བྱེད་པ།
སྨན་ཁང་དང་། གཞུང་ལས་ཁང་སོགས་ཀྱི་གློག་སྐས་ཀྱི་འཐེབ་ནོན་ནི་ནད་འབུ་སྣ་ཚོགས་འདུས་ས་ཡིན་ལ། ནད་རིགས་སྣ་ཚོགས་འགོས་མཆེད་ཆེས