༡.ཟླ་མཚན་འབབ་སྐབས་ཀྱི་རྟགས།
བུད་མེད་མང་ཆེ་བ་ལ་ཟླ་མཚན་འབབ་སྐབས་དང་། ཡང་ན་མ་བབས་གོང་གི་ཉིན་གཅིག་གཉིས་ཀྱི་སྔ་རོལ་ནས་བཟུང་ལུས་ཀྱི་ཉམས་ཆུང་ཞིང་སྒྱིད་ལུག་པ་དང་། བཞིན་རས་ཀྱི་མདངས་ངན་པ། རྐེད་པ་དང་རྒྱུ་ཞབས་ན་བ། རྒྱུ་སྨད་སྦོས་ཤིང་གཅིན་ཁ་སྙི་བ། ནུ་མ་ན་ཞིང་མིག་ལྕིབས་གཡོ་བ། མགོ་ན་བ། གཉིད་ཡེར་བ། ཡིད་སྐྱོ་ལ་སྤྲོ་ཐུང་བ། ཟས་ལ་ཡི་ག་ཞན་པ། བཤང་བ་སྐམ་པའམ་འཁྲུ་བ། གདོང་ལ་འབྲུམ་ཕྲན་འབྱུང་བ་སོགས་མངོན་ཚུལ་འདྲ་མིན་འབྱུང་སྲིད་མོད། སྤྱིར་བཏང་ཚབས་མི་ཆེ་ཞིང་ནད་འགྱུར་གྱི་གྲས་མིན་པས་བུད་མེད་རྣམས་ཀྱི་བྱ་ལས་དང་རྒྱུན་ལྡན་གྱི་འཚོ་བ་ལ་བར་ཆད་མི་འབྱུང་བར་ཉིན་ཁ་ཤས་མཚམས་ནས་རང་ཤུགས་སུ་ཞི་འགྲོ། འོན་ཀྱང་བུད་མེད་ཁ་ཤས་དང་། ལྷག་པར་དུ་བུ་མོ་ན་ཆུང་རྣམས་ལ་ཟླ་མཚན་མ་བབས་གོང་དང་ཟླ་མཚན་འབབ་པའི་ཉིན་དང་པོར་རྒྱུ་ཞབས་དང་མཁལ་རྐེད་ལ་བཟོད་དཀའ་བའི་ཟུག་གཟེར་ལྡང་བ་དང་། ཞེན་ཁ་ལོག་པ། སྐྱུག་པ། མགོ་ཡོམ་འཁོར་བ། གདོང་སེར་པོར་འགྱུར་བ་ལ་སོགས་པའི་རྟགས་ཚབས་ཆེན་འབྱུང་སྲིད། དེར་སྨན་པའི་མཛུབ་སྟོན་ལྟར་གཟེར་གཅོག་པ་དང་སེམས་ལྷོད་ལ་འབབ་པའི་སྨན་སོགས་བསྟེན་ནས་གང་ལ་དེ་འཚམ་གྱིས་གསོ་དགོས།
༢.ཟླ་མཚན་འབབ་སྐབས་ཀྱི་སྤང་བླང་།
ཟླ་མཚན་འབབ་སྐབས་ཁ་ཟས་དྲོད