ནམ་རྒྱུན་ཟླ་མཚན་རང་གི་འཁོར་ཡུན་ལྟར་ཆོས་ཉིད་ལྡན་པའི་ངང་འབབ་ཀྱང་བར་སྐབས་ཤིག་ལ་ཟླ་མཚན་འགགས་ནས་མི་འབབ་ན་རྒྱུ་རྐྱེན་གང་དག་ཡིན་པ་དང་དེར་ཇི་ལྟར་བྱ་དགོས་ཞེ་ན།
བུད་མེད་གང་ལ་དུས་རྒྱུན་ཟླ་མཚན་རང་གི་འཁོར་ཡུན་ལྟར་ཆོས་ཉིད་ལྡན་པའི་ངང་འབབ་པ་དང་། བར་སྐབས་ཤིག་ལ་ཟླ་བ་གསུམ་མམ་དེའི་ཡན་ལ་ཟླ་མཚན་འགགས་ནས་མི་འབབ་ཚེ། གཉེན་སྒྲིག་པའི་བུད་མེད་ཡིན་ན་ཐོག་མར་མངལ་ཆགས་པ་ཡིན་མིན་དང་། ལོ་ཚོད་ཆེ་བའི་བུད་མེད་ལ་ཟླ་མཚན་གཏན་ཆད་ཡིན་མིན་བསམ་བློ་གཏོང་དགོས། སེམས་ཁམས་ལ་ཕོག་ཐུག་ཐེབས་པ་དང་། ངལ་དུབ་ཆེས་དྲགས་པ། ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ། གནམ་གཤིས་ལ་དྲོ་གྲང་གི་འགྱུར་བ་ཆེ་བ། འཚོ་བཅུད་མི་འདང་བ་སོགས་ཕྱིའི་རྒྱུ་རྐྱེན་ལས་ནང་གི་ཁམས་ལ་འགྱུར་བ་བྱུང་ནས་ཟླ་མཚན་འགགས་པའི་གནས་ཚུལ་འབྱུང་སྲིད། གཞན་ད་དུང་སྦྲུམ་འགོག་གི་སྨན་འཐུང་བ་དང་། ནད་དམ་མངལ་ཆགས་པའི་དབང་གིས་མངལ་ཁོག་ཐེངས་མང་པོར་བྲད་པ། བསམ་སེའུ་ཡི་བྱེད་ལས་སྔ་མོ་ནས་རྒུད་པ། ཀླད་པ་ས་བོན་བཅུད་རྩའི་བྱེད་ལས་ལ་བར་ཆད་བྱུང་བ་བཅས་ལས་ཟླ་མཚན་འགགས་ངེས། དེ་འདྲའི་ནད་པ་ལ་སེམས་གསོ་བྱེད་པ་དང་། ངལ་གསོ་བཟང་བོ་བྱེད་པ། ཡང་ན་སྦྲུམ་འགོག་སྨན་བསྟེན་མཚམས་བཞག་ན་ཟླ་མཚན་རང་ཤུགས་སུ་སླར་འབབ་ངེས། གལ་ཏེ་ཟླ་མཚན་འགགས