ཉེ་སྔོན་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་རུས་ནད་ཚན་ཁག་གིས་སྒལ་ཚིགས་ནང་རུས་འཛེར་སྐྱེ་ཡོད་པའི་ནད་པ་ཞིག་ལ་གཤགས་བཅོས་བྱས་ནས་ལེགས་འགྲུབ་བྱུང་། རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་གཤགས་བཅོས་ལེགས་འགྲུབ་བྱུང་བ་འདིས་རང་ཞིང་གི་རུས་ནད་ཚན་ཁག་གི་གཤགས་བཅོས་ཀྱི་སྟོང་ཆ་བསྐངས་པ་རེད།
ནད་པ་ནི་ཡུས་ཧྲུའུ་ནས་ཐོན་པའི་བྱིས་པ་ལོ་བཅུ་ཅན་ཞིག་ཡིན་པ་དང་། སྒལ་བའི་ནད་བྱུང་ནས་ལོ་གསུམ་ལྷག་འགོར་ཡོད་ཅིང་། ཉེ་སྔོན་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་རུས་ནད་ཚན་ཁག་ཏུ་ཞག་སྡོད་བྱས་རྗེས། སྨན་པ་རྣམས་ཀྱིས་དེ་ལ་མཐོང་ཆེན་ཆེན་པོ་བྱས་པ་རེད། ནད་པའི་སྒལ་ཚིགས་འགུལ་སྐྱོད་ཀྱི་ནུས་པ་ཡོངས་སུ་ཉམས་འདུག་པས། གཤག་བཅོས་ཁྲོད་སྒལ་ཚིགས་ལ་གཅུ་གཟེར་བརྡེབས་པའི་ཟུར་ཚད་དང་ཁ་ཕྱོགས་ཤིན་ཏུ་གལ་ཆེ། ཅུང་ཟད་སེམས་ཆུང་མ་བྱས་ཚེ་ནད་པའི་སྒལ་ཚིགས་ཀྱི་དབང་རྩར་གནོད་དེ་སྒལ་ཚིགས་འགུལ་མི་ཐུབ་པར་འགྱུར་སྲིད། དེ་བས། ཚན་ཁག་གིས་ཐེངས་མང་པོར་སྨན་པ་རྣམས་རྩ་འཛུགས་བྱས་ནས་ནད་ཀྱི་བཅོ་ཐབས་ཕྱོགས་ལ་གྲོས་བསྡུར་དང་གཤགས་བཅོས་ཀྱི་ཉེན་ཁར་དབྱེ་ཞིབ་བྱས་ཏེ། གཤགས་བཅོས་ཀྱི་འཆར་གཞིར་གྲ་སྒྲིག་ཕུན་སུམ་ཚོགས་པོ་བྱས་པ་དང་། སྦྲིད་སྨན་ཚན་ཁག་དང་མཉམ་དུ་གཤགས་བཅོས་ལེགས་འགྲུབ་ཡོང་བར་འབད་པ་བྱས་ནས། གཤ