གཉེན་མ་སྒྲིག་སྔོན་དུ་ཕོ་མོ་གཉིས་ཀྱི་ལུས་ཕུང་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་དགོས་པར་མ་ཟད། སྔོན་ཆད་ནད་གང་དག་བྱུང་མྱོང་བ་དང་སོ་སོའི་ཁྱིམ་རྒྱུད་ནད་ཀྱི་བྱུང་རབས་བཅས་གསལ་བོར་དྲིས་ན། གཉེན་སྒྲིག་པ་དང་བྱིས་པ་བཙའ་བར་ཤུགས་རྐྱེན་ཐེབས་པའི་ནད་གཞི་ཡོད་མེད་ཐག་གཅོད་བྱེད་ཐུབ་ཅིང་། མི་རབས་རྗེས་མར་རྒྱུད་འདེད་པའི་ནད་གཞི་དང་འགོས་ནད་འབྱུང་མིན་སྔོན་དཔག་བྱེད་ཐུབ།
གཉེན་མ་སྒྲིག་སྔོན་དུ་ལུས་ཕུང་ལ་ཞིབ་བཤེར་བྱས་ནས་ཕོ་མོ་གཉིས་ཀྱི་སུ་ཞིག་དང་། ཡང་ན་དེ་གཉིས་ཀར་རྒྱུད་འདེད་པའི་ནད་ཡོད་པ་ཤེས་རྟོགས་བྱུང་ན་གཉེན་སྒྲིག་བྱེད་ཆོག་མིན་དང་། བྱིས་པ་སྐྱེས་ཆོག་མིན་སོགས་ལ་སྨན་པས་མཛུབ་སྟོན་ཡང་དག་གནང་ཐུབ། གལ་ཏེ་ཕོ་མོ་གཉིས་ཀའམ་གང་རུང་ལ་ཚབས་ཆེ་བའི་རྒྱུད་འདེད་ནད་ཡོད་ན་མི་རབས་རྗེས་མ་ལ་ཡང་ནད་དེ་འབྱུང་ངེས་པས་གཉེན་སྒྲིག་ཆོག་པ་ལས་བྱིས་པ་བཙའ་མི་ཆོག གལ་ཏེ་ཕོ་མོ་གཉིས་ཀའམ་གང་རུང་ལ་འགོས་ནད་ཡོད་པ་དང་། ཡང་ན་སྐྱེ་འཕེལ་དབང་བོ་ལ་བཅོས་རུང་བའི་ནད་ཡོད་ཚེ་གནས་སྐབས་སུ་གཉེན་སྒྲིག་པའི་དུས་ཕྱིར་བསྣུར་བྱས་ནས་མ་བཅོས་ན། འགོས་ནད་དེ་རང་གི་བཟའ་ཟླ་ལ་འགོ་ངེས་པར་མ་ཟད། བུ་རོགས་བརྒྱུད་ནས་སྦྲུམ་བུ་ལའང་བགོ་ངེས་ཤིང་། སྐྱེ་འཕེལ་དབང་བོའི་ནད་དེས་ད་དུང་བཟའ་ཚང་གི་འཚོ་བར་