རྒྱལ་ཁབ་ཀྱི་འབྲེལ་ཡོད་འཆར་ལྡན་བུ་སྐྱེས་ཕྱོགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ཤེས་བྱ་དྲིལ་སྒྲོག་བྱེད་པ་དང་། མཐུན་ཚོགས་ཀྱི་མཚན་སྙན་སྔར་ལས་ཇེ་ཆེར་གཏོང་བ། གཞི་རིམ་འཆར་ལྡན་བུ་སྐྱེས་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་ཆེད། ཐུན་ཏེ་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཅུའུ་ཡིས་གཞི་གསུམ་འཛུགས་སྐྲུན་གོ་སྐབས་སུ་བརྩིས་པ་དང་། མཐོ་སྒང་གི་མཛེས་སྡུག་ཞང་སྡེ་འཛུགས་སྐྲུན་ལས་གཞི་རྒྱབ་རྟེན་དུ་བྱེད་པ། བདེ་ཐང་དང་བདེ་སྐྱིད་ཁྱིམ་ཚང་གི་འགུལ་སྐྱོད་ཁྱོན་ཡོངས་ནས་སྤེལ་བ་དམིགས་འབེན་དུ་བྱས་ཏེ། ཐུན་ཏེ་རྫོང་མི་དམངས་སྨན་ཁང་དང་རྫོང་བོད་སྨན་ཁང་། ཞང་དང་གྲོང་བརྡལ་ལྔའི་འཆར་ལྡན་བུ་སྐྱེས་གཞུང་སྒྲུབ་ཁང་བཅས་རྩ་འཛུགས་བྱས་ནས་རྫོང་རི་ཐང་ཆེན་ནས་ལྔ་བའི་ཚེས་ཉེར་དགུ་ཉིན་གྱི་མཐུན་ཚོགས་བྱ་འགུལ་ཉིན་མོ་དང་འོས་འགན་སྨན་བཅོས་བྱ་འགུལ་སྤེལ།
ཐུན་ཏེ་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ལས་ཁུངས་ཀྱི་ལས་བྱེད་པ་ཚོས་བྱ་འགུལ་ཡུལ་དངོས་ནས། རྒྱ་ཆེའི་སྐྱེས་ལོ་རན་པའི་བུད་མེད་ཚོར་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། སྲིད་ཇུས་བློ་འདྲི་དང་རིན་མི་ལེན་པར་འཆར་ལྡན་བུ་སྐྱེས་སྨན་རྫས་སྟེར་བ། རིན་མི་ལེན་པར་