གློག་ནུས་ལུས་ཁམས་ཚན་ཁག་ཏུ་བྱ་བ་ལས་ན། རྒྱུན་པར་ནད་པ་དང་ཁྱིམ་བདག་མང་པོས་འདི་ལྟ་བུའི་དྲི་བ་མང་པོ་འདོན་པར་ཐུག་པ་སྟེ། གློ་བུར་དུ་སེམས་འཚིག་པས་མྱུར་དུ་སྨན་པར་བསྟན་ན། སྨན་པས་སྙིང་འཕར་རླབས་རིས་ལེན་དགོས་ཟེར། འོན་ཀྱང་བླངས་པའི་མཇུག་འབྲས་ནི་སྙིང་གི་འཕར་ཚད་རྒྱུན་ལྡན་ཡིན་པ་རེད། དེ་ནི་ཅི་ཞིག་གི་རྐྱེན་ཡིན་ནམ།
སེམས་འཚིག་པར་གསོ་བ་རིག་པའི་སྟེང་ནས་སྐྲག་སྣང་སྐྱེས་ཤིང་། དེ་ནི་སྙིང་ལྡིང་ནས་མི་བདེ་བའམ་སེམས་འཚིག་པའི་སྣང་བ་ཡོད་པར་ཟེར། སྙིང་གི་འཕར་ཚད་མགྱོགས་ན་སྙིང་ལྡིང་ནས་མི་བདེ་བ་དང་། དལ་ན་ལྡིང་ཚད་ཆེ་བའི་སྣང་ཚུལ་ཡོད། སྐྲག་སྣང་སྐྱེས་ཚེ་སྙིང་གི་ལྡིང་ཚད་མགྱོགས་སྲིད་ལ་དལ་ཡང་སྲིད་པ་དང་། ལྡིང་ཚད་རྒྱུན་ལྡན་མིན་པར་འགྱུར་བ་རེད། སྙིང་གི་ལྡིང་ཚད་རྒྱུན་ལྡན་ཡིན་པའི་མི་ལ་ཡང་སྐྲག་སྣང་སྐྱེས་པའི་གནས་ཚུལའབྱུང་བ་རེད།
དང་པོ། སྐྲག་སྣང་སྐྱེ་པའི་རྒྱུ་རྐྱེན་གཙོ་བོ་ཅི་ཞིག་ཡིན་ཞེ་ན།
སྐྲག་སྣང་སྐྱེས་པའི་རྒྱུ་རྐྱེན་ཧ་ཅང་མང་བ་རེད། ཕལ་ཆེ་བ་ནི་སྙིང་གི་ལྡིང་ཚད་རྒྱུན་ལྡན་མིན་པ་དང་དབང་བོ་རང་བཞིན་གྱི་སྙིང་ནད་ཡོད་པ། སེམས་ཁམས་རྒྱུན་ལྡན་མིན་པ། མ་ལག་རང་བཞིན་གྱི་ནད་ཡོད་པ། སྨན་རྫས་ཀྱི་ནུས་པ་བཅས་རིགས་ལྔ་ཡོད།