ཉེ་ཆར། ཀྲུང་གོ་འཚོ་བཅུད་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀྲེ་ཧྥུན་དབྱིན་དང་ཀྲུང་གོ་ཀྲུང་དབྱི་ཚན་རིག་གླིང་གི་སློབ་དཔོན་ཆེན་མོ་དབྱང་ལི། སུའུ་ཀྲོའུ་རོང། སེམས་ཁམས་བློ་འདྲི་ལྟེ་གནས་ཀྱི་མཐོ་རིམ་སློབ་སྟོན་པ་ཝང་ཀའོ་རོང་བཅས་ཀྱིས་བདེ་སྲུང་ཁམས་གསོའི་རྩིས་གཞིའི་རེའུ་མིག་ཅིག་གཏན་ལ་ཕབ། གལ་ཏེ་གཤམ་གསལ་གྱི་ཉུང་བ་དགུ་དང་མང་བ་དགུ་ཡི་མན་ངག་སེམས་སུ་བཟུང་ནས་རེ་རེ་བཞིན་ཉམས་སུ་བླངས་ན། ཁྱེད་རང་གི་ཚེ་གང་བོར་ཕན་ཐོགས་འབྱུང་སྲིད་པ་རེད།
གཅིག ཤ་ཉུང་བ་དང་སྲན་མ་མང་བ།
ཟས་བཅུད་དོ་མཉམ་ཡོང་བའི་བསམ་འཆར་རེའུ་མིག་ལྟར་ན། མི་རེས་ཉིན་རེར་ཤ་ཁེ 75ཙམ་ཟོས་པས་ཆོག་ལ། དེའི་ནང་དུ་ལུས་ཤུགས་ངལ་རྩོལ་པ་དང་སྐྱེས་པས་སྐམ་ཤ་དང་ལུག་ཤ་སོགས་མང་ཙམ་ཟོས་ན་བཟང་བ་དང་། ཀླད་ཤུགས་ངལ་རྩོལ་པ་དང་བུད་མེད། ལུས་ཤུགས་ཉམས་པའི་རྒན་པ་བཅས་ཀྱིས་ཕག་ཤ་དང་ཉ་ཤ་ལྟ་བུ་མང་དུ་ཟོས་ན་འོས། ལྷག་པར་ལུས་པོ་རྒྱགས་པའམ་སྙིང་ནད་དང་ཁྲག་ཤེད་མཐོ་བའི་ནད་ཡོད་པ་སོགས་ཀྱི་མིས་ལྷག་ཏུ་ཤ་ཉུང་ཟ་དང་སྲན་བཟོས་ཟས་རིགས་མང་ཙམ་ཟ་དགོས།
གཉིས། ཚྭ་ཉུང་བ་དང་སྐྱུར་ཆུ་མང་བ།
སྲན་སྣུམ་དང་ལྡུམ་སྒོང་འདག སུར་འདག ཁཱ་ལི་སོགས་བྲོ་རྫས་གང་ཐུབ་ཀྱིས་ཚོད་འཛིན་བྱེད་པ་དང་། གབ་པའི་ཚྭ་ལ་ལྷག་ཏུ་