འཆར་ལྡན་བུ་སྐྱེ་ནི་རང་རྒྱལ་གྱི་གཞི་རྩའི་སྲིད་ཇུས་ཤིག་ཡིན་ཞིང་། དེ་ནི་བྱིས་པ་སྐྱེ་བར་ཚོད་འཛིན་དང་མི་གྲངས་ཇེ་ཉུང་དུ་གཏོང་བ་ཁོ་ན་ཙམ་མ་ཡིན་པར་བུད་མེད་ཀྱི་བདེ་ཐང་ལ་འབྲེལ་བའི་རིག་ཚན་ཞིག་ཀྱང་ཡིན། དེང་སང་སྦྲུམ་འགོག་ཡོ་ཆས་དང་སྦྲུམ་འགོག་སྨན་སོགས་སྦྲུམ་འགོག་གི་ཐབས་ཤེས་སྣ་ཚོགས་ཤིག་མཆིས་ཀྱང་། བཟའ་ཟླ་གཉིས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་གང་ལ་དེ་འཚམ་གྱི་སྒོ་ནས་བསྟེན་ན། བུད་མེད་ཀྱི་བདེ་ཐང་དང་བདེ་སྐྱིད་ཀྱི་འཚོ་བ་ལ་གནོད་འཚེ་མི་ཐེབས་ཤིང་སྦྲུམ་འགོག་གི་བྱ་བ་ཡང་ལེགས་འགྲུབ་འབྱུང་ངེས།
སྤྱིར་བཏང་གཉེན་སྒྲིག་མ་ཐག་གི་བཟའ་ཟླས་སྦྲུམ་འགོག་ཤུབས་སོགས་བཀོལ་བ་ལས་མངལ་ནང་ལ་སྦྲུམ་འགོག་ཡོ་ཆས་བཞག་ན་མི་འཚམ་ཞིང་། སྦྲུམ་འགོག་གི་སྨན་ཁོང་དུ་བསྟེན་མི་རུང་། བྱིས་པ་གཅིག་བཙས་པ་རྣམས་ཀྱིས་མངལ་ནང་ལ་སྦྲུམ་འགོག་ཡོ་ཆས་འཇོག་པ་དང་། ཡང་ན་སྦྲུམ་འགོག་སྨན་ནམ་ཁབ་སོགས་བསྟེན་ཆོག གལ་ཏེ་བཟའ་ཟླ་གཉིས་ཀ་གནས་གཅིག་ཏུ་མེད་པས་ཟླ་བ་གཅིག་ཏུ་ཐེངས་རེ་གཉིས་ཙམ་ལས་མཉམ་དུ་འདུག་མི་ཐུབ་ན་སྦྲུམ་འགོག་གི་ཡོ་ཆས་བཀོལ་བ་དང་། ཡང་ན་སྦྲུམ་འགོག་སྨན་ཁོང་དུ་བསྟེན་ཆོག། བྱིས་པ་གཉིས་བཙས་པ་ཅན་གྱིས་ཆེས་ལེགས་ན་ཁམས་འདྲེན་སྦུ་གུ་བསྡམས་ནས་སྐྱེ་སྒོ་བཅད་ན་ལེགས། བྱིས་པར་ནུ་ཞོ་སྣུན་སྐ