བོད་རིགས་འདུས་སྡོད་བྱེད་པའི་ས་ཁུལ་ཕལ་ཆེ་བར་རྨང་གཞི་སློབ་གསོ་ཞན་པས་ཡིག་རྨོངས་ཀྱིས་བརྒྱ་ཆའི་མང་ཤོས་ཟིན་ཞིང་། བདེ་ཐང་སློབ་གསོ་གཙོས་རྣམ་གྲངས་དང་ལས་གཞི་ཐམས་ཅད་ལག་ཏུ་བསྟར་བའི་གེགས་སུ་གྱུར། གནས་ཚུལ་དངོས་ལ་བལྟས་ན། བོད་རིགས་མང་ཚོགས་ཕལ་ཆེར་གྱིས་བདེ་ཐང་དང་འབྲེལ་བའི་ཤེས་བྱ་ཤེས་པའི་ཚད་ཤིན་ཏུ་དམའ་ཞིང་། ཁྱད་པར་བུད་མེད་ཀྱི་བདེ་སྲུང་ཆོ་ག་ལྟ་བུའི་ཤེས་བྱ་སྐོར་ཞིག་ངོ་ཚ་དང་བཤད་དུ་མི་རུང་བའི་དོན་ཞིག་ཏུ་བརྩིས་ཏེ། བསླབ་པའི་འདུ་ཤེས་རང་ལས་ཇེ་བས་ཇེ་རིང་དུ་བསྲིངས་ཏེ་བདེ་ཐང་སྲུང་བའི་ཐབས་ལ་ཅི་མི་སྙམ་པའི་ངང་དུ་གནས། དཔེར་ན། ས་ཆ་ཉུང་ཤོས་ཤིག་ཏུ་མ་གཏོགས་སྨན་ཁང་དུ་སོང་ནས་བྱིས་པ་བཙའ་བ་སོགས་མ་བུའི་བདེ་ཐང་ལ་བསམ་ཤེས་པ་ཉུང་བར་སྣང་བ་ལྟ་བུའོ།
མདོ་དབུས་ཁམས་གསུམ་གང་ལ་བལྟས་ཀྱང་། བུད་མེད་དང་བྱིས་པའི་སྐོར་ལ་ཆེད་དུ་དམིགས་པའི་བདེ་ཐང་སློབ་གསོ་དང་། བདེ་ཐང་མཛུབ་སྟོན། དཔེ་ཚོགས། རི་མོའི་དེབ་ལྟ་བུ་ཤིན་ཏུ་ཉུང་བས། འདི་ཏག་ཏག་མང་ཚོགས་ཀྱི་བདེ་ཐང་ཞབས་ཞུའི་དགོས་མཁོ་དང་གནས་བབ་ཀྱི་ལྡོག་ཕྱོགས་སུ་གྲུབ་འདུག བྱ་བ་སྒྲུབ་མཁན་གྱི་ངོས་ནས་བཤད་ན། ཆེད་མངགས་ཀྱི་བདེ་སྲུང་མི་སྣ་ཉུང་ཞིང་དཔུང་ཁག་ཞན་པ། ཆེད་དུ་བསྒྲིགས་པའི་བདེ་སྲུང་སློབ་གསོ་དང་འཕྲོད་བསྟེན་ར