$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2015.07.31 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

ཞིབ་འཇུག་བྱས་པ་ལྟར་ན་བུད་མེད་ལོ་ཉེར་བཞི་ནས་སོ་བཞིའི་བར་བྱིས་པ་བཙས་ན་ཆེས་འོས་པའི་ལོ་ཚོད་ཡིན་ཟེར། དེ་ནི་བུད་མེད་ཀྱི་སྐྱེ་ལུགས་དང་འཚར་སྐྱེའི་ཁྱད་ཆོས་ལ་དམིགས་ནས་ཐོབ་པའི་སྡོམ་རྩིས་ཡིན་ཞིང་། བུད་མེད་རྣམས་རང་ལོ་ཉེར་བཞིར་ལོན་ཚེ། ལུས་ཕུང་གི་འཚར་སྐྱེ་ད་གཟོད་ཡོངས་སུ་རྫོགས་པ་དང་། སྐབས་དེ་དུས་བུད་མེད་ལ་འཚོ་བའི་ཉམས་མྱོང་ཡང་ཅུང་ཕུན་སུམ་ཚོགས་པ་ཡོད་ཕྱིར་བྱིས་པ་སྙོར་སྐྱོང་བྱེད་པར་ཕན། སྐབས་དེར་བཙས་པའི་བྱིས་པོའི་འཚར་སྐྱེ་ཆེས་ལེགས་ཤིང་། བཙའ་མ་རན་པར་བཙའ་བ་དང་བཙའ་བའི་དུས་ལས་འདས་པ་སོགས་འབྱུང་ཚད་ཤིན་ཏུ་ཉུང་། གལ་ཏེ་བུད་མེད་ལ་བྱིས་པ་བཙའ་བ་སྔ་དྲགས་ན་བུ་སྣོད་དང་ཚང་སྒམ་གྱི་འཚར་སྐྱེ་ད་དུང་ཡོངས་སུ་རྫོགས་མེད་སྟབས་བཙའ་དཀའ་བའི་གནས་ཚུལ་འབྱུང་སླ། བྱིས་པ་བཙའ་བ་འཕྱི་དྲགས་ན་བུད་མེད་ཀྱི་བདེ་ཐང་ལ་ཡང་མི་ཕན་ཏེ། ལོ་སུམ་ཅུ་སོ་ལྔའི་རྗེས་སུ་བུད་མེད་ཀྱི་ཚང་སྒམ་བར་གྱི་ཆུ་རྒྱུས་ཅུང་ཟད་ལྷོད་ཡོད་ལ། དེ་མིན་མཚན་དབྲག་གི་ལྡེམ་གཤིས་ཇེ་ཆུང་དང་བུ་སྣོད་ཀྱི་འཁུམ་ཤུགས་ཇེ་ཞན་དུ་གྱུར་ཡོད་ཕྱིར། བྱིས་པ་བཙའ་དཀའ་ཞིང་མའི་སྡུག་བསྔལ་ཇེ་ཆེར་འགྲོ་ངེས། བྱིས་པ་ལའང་བཙའ་བའི་བརྒྱུད་རིམ་ཁྲོད་དབུགས་འགག་པ་དང་། རྨས་སྐྱོན་ཐེབས་པ། ཐ་ན་ཤི་བ་སོགས་བཀྲ་མི་ཤིས་པའི་གནས་ཚུ

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།