དེ་ཡང་རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་གཉེན་སྒྲིག་བཅའ་ཁྲིམས་སུ་གཉེན་སྒྲིག་ཕྱིར་འགྱངས་དང་། བྱིས་པ་བཙའ་འཕྱི་བ། ལེགས་སྐྱེ་ལེགས་གསོ་དར་སྤེལ་གཏོང་བཞིན་ཡོད་པ་ནི་ཚང་མས་ཤེས་གསལ་ལྟར་རེད། རང་རྒྱལ་གྱི་གཉེན་སྒྲིག་བཅའ་ཁྲིམས་སུ་ཐག་བཅད་པའི་གཉེན་སྒྲིག་གི་ལོ་ཚོད་ནི། སྐྱེས་པ་ལོ་ཉི་ཤུ་རྩ་གཉིས་དང་བུད་མེད་ལོ་ཉི་ཤུ་ལས་ཆུང་མི་རུང་བ་ཡིན། བུ་མོ་ན་ཆུང་གི་དུས་སུ་ལུས་སེམས་གཉིས་ཀ་ད་དུང་ཡོངས་སུ་སྨིན་མེད་པའི་ཁར། དཔལ་འབྱོར་གྱི་སྟེང་དུ་རང་མགོ་རང་ཐོན་མིན་པས་དེ་དུས་གཉེན་སྒྲིག་ནས་བྱིས་པ་བཙས་ན་བུད་མེད་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་ཆེ་བ་མ་ཟད། སྦྲུམ་བུ་རྒྱུན་ལྡན་དུ་འཚར་སྐྱེ་འབྱུང་བ་ལའང་གནོད་པ་ཡོད་ཅིང་། ད་དུང་ཁྱིམ་ཚང་དང་སྤྱི་ཚོགས་ལ་ཡང་རབ་དང་རིམ་པའི་གནད་དོན་མི་ཉུང་བ་འབྱུང་ངེས།
སྤྱིར་བཏང་ལོ་ཉི་ཤུའི་སྔུན་ལ་བུད་མེད་ཀྱི་དབང་བོ་རྣམས་རིམ་གྱིས་འཚར་སྐྱེ་བྱུང་ནས་ཤུགས་རྫོགས་ནའང་། རུས་པའི་འཚར་སྐྱེ་ལོ་ཉི་ཤུ་རྩ་གསུམ་གྱི་རྗེས་སུ་ད་གཟོད་ཤུགས་རྫོགས་ངེས་པས་སྔ་ཙམ་ནས་བྱིས་པ་བཙས་ན་སྐྱེ་འཕེལ་དབང་བོ་དང་ཚང་སྒམ་གྱི་འཚར་སྐྱེ་ལ་གནོད་པ་ཆེ། བུ་མོ་ན་ཆུང་གི་སྐབས་སུ་རང་ཉིད་ཀྱི་ལུས་ཕུང་འཚར་སྐྱེ་དང་ལྷག་པར་རུས་པའི་འཚར་སྐྱེ་ལ་འཚོ་བཅུད་འདང་ངེས་ཤིག