$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2015.08.19 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

སྤྱིར་དབང་བོ་ཚང་ཞིང་བློ་རིག་རྣོ་བའི་བྱིས་པ་སྐྱེ་མཆེད་གཙང་མ་ཅན་ཞིག་སྐྱེ་བ་ནི་གནམ་འོག་གི་ཕ་མ་ཀུན་གྱི་རེ་འདོད་ཡིན་ལ། རེ་འདོད་དེ་སྐོང་དགོས་ན་ཕྱི་ནང་གི་རྒྱུ་རྐྱེན་དང་དངོས་ཤུགས་ཀྱི་རྒྱུ་རྐྱེན་མང་པོར་རག་ལས་ཀྱང་། མངལ་ཆགས་པའི་དུས་སྐབས་དང་འབྲེལ་བ་དམ་ཟབ་ཡོད་པས་དེའི་སྐོར་ཅུང་ཟད་གླེང་ན།

དེ་ཡང་ལོ་ཚོད་ལ་གཞིགས་ན་ཕོ་མོ་གཉིས་ཀ་ལོ་ཉི་ཤུ་རྩ་ལྔ་ནས་ཉི་ཤུ་རྩ་བརྒྱད་ཀྱི་བར་ནི་ལུས་ཀྱི་འཚར་སྐྱེ་ཡོངས་སུ་རྫོགས་ཤིང་ལུས་སྟོབས་རྒྱས་པ་དང་། ལུས་ཕུང་བདེ་ཐང་ཡིན་པའི་དུས་ཡིན་སྟབས་སྐབས་དེ་རྣམས་སུ་ཕོ་མོའི་ས་བོན་ཁམས་དཀར་དམར་གྱི་སྤུས་ཚད་ཤིན་ཏུ་བཟང་ཕྱིར་ཆེས་ལེགས་པའི་བུ་རྒྱུད་སྤེལ་བའི་དུས་སྐབས་ཡིན། དུས་ཚིགས་ལ་གཞིགས་ན་སྤྱི་ལོའི་ཟླ་བ་གཉིས་པའམ་གསུམ་པ་དང་། ཡང་ན་ཟླ་བ་བདུན་པའམ་བརྒྱད་པ་གང་རུང་ལ་མངལ་ཆགས་ན་དེ་ཙམ་ཡག་པོ་མེད་དེ། ཟླ་བ་གཉིས་པ་དང་གསུམ་པ་གཉིས་ནི་དགུན་ཁ་དང་དཔྱིད་ཀའི་བར་མཚམས་ཡིན་པས་ཆམ་རིམས་ཕོག་སླ་བའི་ཁར་སྔོ་ཚོད་དང་ཤིང་ཏོག་གསར་བའི་རིགས་ཅུང་ཟད་དཀོན་པས་སྦྲུམ་བུའི་ཁམས་འཕེལ་བ་ལ་མི་ཕན། ཟླ་བ་བདུན་པ་དང་བརྒྱད་པ་གཉིས་ནི་དབྱར་གྱི་ཚ་བ་ཆེ་བའི་དུས་ཡིན་སྟབས་ཚད་འཁྲུ་སོགས་འབྱུང་སླ་བས་སྦྲུམ་མའི་ལུས་འཁྲུགས་ན་སྦྲུམ་བུའི་ཁམས་འཕེལ་བ་ལ་གནོད།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།