$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2015.09.14 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
0
0

ཇི་སྐད་དུ། སྐྲ་ལོ་ལྷུང་དུ་མི་འཇུག་ན། བརྒྱ་སྟོང་མང་པོར་ཤད་པར་བྱེད། ཅེས་པ་ལྟར་སྐྲ་ཤད་ན་ཁམས་གསོ་ཞིང་ཁྲག་རྒྱས་པར་བྱེད་པར་མ་ཟད་སྐྲ་ལོ་བདེ་ཐང་ངང་སྐྱེ་བར་སྐུལ་འདེད་བྱེད་པ་རེད། ཡིན་ནའང་། གལ་ཏེ་སྐྲ་ཤད་སྟངས་མ་འགྲིག་ན་ལྡོག་སྟེ་སྐྲ་ལ་གནོད་པ་ཐེབས་ནས་སྐྲ་སྐམ་པ་དང་སྐྲ་འཕྱིང་བ། མདངས་མེད་པ་སོགས་བཟོ་ལ། ཐ་ན་སྐྲ་ལོ་ལྷུང་བར་ཡང་བྱེད། དེ་བས་གཤམ་གསལ་གྱི་ནོར་འཁྲུལ་ཅན་གྱི་སྐྲ་ཤད་སྟངས་ལ་ཚང་མས་གཟབ་པར་འཚལ།

1.སྐྲ་ཤད་ཐེངས་གཅིག་གིས་ཤད་པ།

དེ་ནི་མི་རྣམས་ལ་རྟག་པར་འབྱུང་བའི་ནོར་འཁྲུལ་ཞིག་ཡིན། སོ་མང་བཟུང་སྟེ་སྐྲ་རྩ་ནས་མགོ་བརྩམས་ཏེ་སྐྲ་རྩེ་བར་ཤད་པར་བྱས་ན། སྐྲ་ལོ་འཕྱིང་སླ་བར་མ་ཟད་དེ་ལ་གཞི་བྱས་ནས་ཉེས་མེད་ཀྱི་སྐྲ་ཉག་སྐོར་ཞིག་བཅད་འགྲོ་བ་རེད། ཡང་དག་པའི་སྐྲ་ཤད་སྟངས་ནི་ཐོག་མར་སྐྲ་དུམ་བུ་ཞིག་བཟུང་ནས་འཛིང་བའི་སྐྲ་རྩེ་དལ་མོར་ཤད་པ་དང་། དེ་རྗེས་སྐྲ་ལོའི་དཀྱིལ་མཚམས་ནས་སྐྲ་རྩེ་བར་ཤད་པ། མཇུག་མཐར་སྐྲ་རྩ་ནས་ག་ལེར་སྐྲ་རྩེ་བར་དུ་ཤད་པར་བྱེད།

2.སྐྲ་ཤད་པ་མགྱོགས་དྲགས་པ།

དུས་ཚོད་ཀྱི་དབང་གིས་འཚབ་འཚུབ་ངང་སྐྲ་ཤད་པ། གལ་ཏེ་སྐྲ་ཤད་པའི་དུས་ཚོད་མགྱོགས་དྲགས་པ་དང་། ལྷག་པར་སོ་བར་ཆུང་བའི་སོ་མང་གི་སྐྲ་ཤད་པའི་དུས་སུ། སོ་བར་གྱ

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།