དང་པོ། ལང་ཚོའི་དུས་ཀྱི་གོ་དོན་དང་སྐྱེ་འཕེལ་བརྒྱུད་རིམ།
ལང་ཚོའི་དུས་ཞེས་པ་ནི་བྱིས་པ་དང་པོར་སྐྱེ་འཕེལ་དང་འཚར་ལོངས་འབྱུང་བའི་མགོ་བརྩམས་པ་ནས་དར་མའི་གནས་སྐབས་ལ་མ་ཐུག་གི་བར་གྱི་སྐྱེ་འཕེལ་དུས་སྐབས་ལ་ཟེར། བུད་མེད་ཀྱི་ལང་ཚོའི་དུས་ནི་སྤྱིར་བཏང་ལོ་བཅུ་གཉིས་ནས་བཅོ་བརྒྱད་ཀྱི་བར་ཡིན། དུས་སྐབས་འདིར་ལུས་སེམས་གཉིས་ལས་ལུས་ལ་གཙོ་བོར་མཚན་མའི་སྐྱེ་འཕེལ་གཙོར་བྱས་སྐྱེ་འཕེལ་མ་ལག་ཡོངས་སུ་སྨིན་པར་བྱེད་པའོ། དཔེར་ན་ཟླ་མཚན་ཐོག་མར་འབབ་པ། སྐྱེ་འཕེལ་དབང་པོ་ཡོངས་སུ་སྨིན་ཏེ་མངལ་འཁྲི་ནུས་སུ་འགྱུར་བ་ལྟ་བུའོ། སེམས་ཁམས་ཀྱི་ཆ་ནས་ཀྱང་རྙོག་འཛིང་ཆེ་བའི་འཕེལ་རིམ་དུ་གནས་ཤིང་ལྷག་པར་དུ་བུད་མེད་གཞོན་ནུ་མ་རྣམས་ཀྱི་སེམས་ཁམས་ལ་འགྱུར་ལྡོིག་ཅུང་ཆེ་བས་ཁྱིམ་བདག་དང་རྒན་རིགས་རྣམས་ཀྱིས་འདིའི་ཕྱོགས་ལ་མཉམ་འཇོག་བྱེད་རྒྱུ་གལ་ཆེ།
ལང་ཚོའི་དུས་ཀྱི་མཚན་མའི་འཚར་སྐྱེ་འགོ་རྩོམ་པའི་ལོ་ཚད་དང་། འཚར་སྐྱེའི་མྱུར་ཚད། མཚན་མ་ཡོངས་སུ་སྨིན་ཚར་བའི་ལོ་ཚད། སྨིན་པའི་ཚད་སོགས་ནི་རིགས་རྒྱུད་དང་རྒྱུད་འདེད། འཚོ་བཅུད། གནམ་གཤིས་དང་དཔལ་འབྱོར་རིག་གནས་སོགས་རྒྱུ་རྐྱེན་མང་པོ་དང་འབྲེལ། སྤྱིར་བཏང་བུད་མེད་རྣམས་སྐྱེས་པ་ལས་ལོ་གཉིས་ཀྱིས་སྔ་ལ་ཕྱི་རྒྱལ་གྱི་ཡིག་ཆ་མང་པ