ལང་ཚོའི་དུས་ཀྱི་བདེ་སྲུང་ནི་ཏག་ཏག་མཚན་མ་སྨིན་པ་དང་། ལུས་ཀྱི་མ་ལག་དང་དབང་བོ་སོ་སོ་འཚར་སྐྱེས་དང་སྨིན་སྒང་ལ་འཁེལ་བས་ན་གཞོན་ལ་ལས་རྒྱུན་པར་རང་གི་ལུས་ཁམས་ཀྱི་འགྱུར་ལྡོག་དེ་དག་ལ་ངོས་འཛིན་ཡང་དག་བྱེད་མ་ཐུབ་པར་ཅི་བྱ་མེད་ཅིང་ཧ་ལས་པ་སོགས་འབྱུང་བས་གཤམ་དུ་ལང་ཚོའི་དུས་སུ་འབྱུང་སྲིད་པའི་གནད་དོན་དེའི་རིགས་ལ་གསོ་རིག་གི་ལམ་ནས་སློབ་སྟོན་གནང་བར་བྱ་སྟེ།
༡.ཟླ་མཚན་དུས་ཀྱི་འཕྲོད་བསྟེན།
ཟླ་མཚན་དུས་སུ་བུ་སྣོད་ནང་སྐྱི་འདྲུལ་ཏེ་ལྷུང་བ་དང་ཁྲག་རྩ་རྡོལ་བའི་རྐྱེན་གྱིས་ནང་ངོས་སུ་རྨ་ཡོད་ལ། མངལ་ཁའང་ཅུང་ཟད་ཕྱེ་ཡོད་སྟབས། གལ་སྲིད་དུས་འདིར་གཙང་སྦྲ་མ་གཟབ་ན་ཕྲ་སྲིན་སོགས་ཀྱིས་ཟླ་ཁྲག་གི་འཚོ་བཅུད་ལ་བརྟེན་ཅིང་ལྡོག་སྟེ་འགོས་མཆེད་ཀྱིས་ནད་སྐྱེད་པར་བྱེད། དེར་མ་ཟད་ཟླ་མཚན་དུས་སུ་ལུས་སྟོབས་ཅུང་ཞན་ཅིང་ཀླད་པའི་ངར་ལངས་ཚད་ཞན་པས་ཆམ་པ་ཕོག་པའམ་ནད་གཞན་འབྱུང་བའི་ཉེན་ཁ་ཆེ། དེ་བས་ཟླ་མཚན་དུས་སུ་གཤམ་གྱི་འདི་དག་ལ་ལྷག་པར་གཟབ་དགོས།
1.ལར་ཟླ་མཚན་དུས་སུ་སྤྱིར་བཏང་གི་བྱ་ལས་སྔར་བཞིན་བསྒྲུབ་ཆོག་ནའང་དྲག་ཤུལ་གྱི་ལས་ལ་སྤྱོད་པ་སྟེ་དཔེར་ན། སྤོ་ལོ་རྩེ་བ། ཆུར་རྐྱལ་བ། བང་འགྲན་པ་སོགས་སྤང་བར་བྱ་སྟེ། ཅིའི་ཕྱིར་ན་འདིའི་སྐྱོན་ལས་ཟླ་མཚན་འབྱམས་པ་ད