གསུམ། སྐྱེ་ལམ་ཀྱི་ཟགས་རྫས། བུད་མེད་ཀྱི་མཚན་མའི་འཚར་སྐྱེ་མགོ་བརྩམས་ནས་མི་འགྱང་བར་སྐྱེ་ལམ་གྱི་ཟགས་རྫས་འབྱུང་སྟེ་དེའི་མིང་ལ་གྲང་དཀར་ཟེར། སྤྱིར་བཏང་གི་འོ་མདོག་གིས་ཁྱད་པར་དུ་བྱས་པའི་དཀར་པོ། དྲི་མི་མནམ་པ་འབྱུང་བ་ནི་རྣམ་པར་མ་གྱུར་པའི་སྣང་ཚུལ་ལོ། བསམ་སེའུའི་ནང་གི་ཁམས་ཝུ་རིམ་གྱིས་འཚར་སྐྱེ་བྱས་ཏེ་སྨིན་པར་གྱུར་ནས་ཁམས་གཏོང་བ་དང་དུས་མཉམ་དུ་སྐུལ་རྩི་ཡང་གཏོང་། མོ་གཤིས་སྐུལ་རྩིས་སྐྱེ་ལམ་ཇེ་རིང་དང་ཇེ་ཆེ། སྐྱེ་ལམ་སྟེང་པགས་འཕེལ་སྐྱེ། སྟེང་པགས་ཀྱི་ཟེགས་གཤེར་བར་མ་ཆད་པར་སྐྱེ་ལམ་དུ་ཟགས་པར་བྱེད། དུས་མཚུངས་སུ་མོ་གཤིས་སྐུལ་རྩིའི་བྱེད་ནུས་ལ་བརྟེན་ནས་བུ་སྣོད་སྐེ་བུག་གི་ནང་སྐྱིས་ཀྱང་བུ་སྣོད་སྐེའི་འབྱར་ཁུ་ཟགས་ཐོན་བྱེད། གྲང་དཀར་ཡང་གཙོ་བོར་སྐྱེ་ལམ་ཟགས་ཆུ་དང་བུ་སྣོད་སྐེའི་འབྱར་ཁུས་གྲུབ། ཉུང་ཟད་ཅིག་ནི་བུ་སྣོད་དང་ཁམས་འདྲེན་སྦུ་གུའི་ཟགས་རྫས་དང་། སྐྱེ་ལམ་དང་བུ་སྣོད་སྐེ། བུ་སྣོད་སྦུབ། ཁམས་འདྲེན་སྦུ་གུ་སོགས་ནས་འདྲུལ་ལྷུང་བྱས་པའི་སྟེང་པགས་ཕྲ་ཕུང་། ཕྲ་ཕུང་དཀར་པོ། འོ་སྐྱུར་ནར་སྲིན་སོགས་ཡིན། ལུས་ཀྱི་མོ་གཤིས་སྐུལ་རྩིའི་ཚད་ནི་དུས་འཁོར་རང་བཞིན་གྱི་འགྱུར་ལྡོག་ལ་གནས་པས་ཁམས་གཏོང་དུས་མོ་གཤིས་སྐུལ་རྩིའི་ཚད་མཐོ་ན་གྲང་དཀར་ཡང་མང་ལ། དྭང