བོད་ལུགས་གསོ་རིག་ཏུ་དུས་གདོན་ཟས་སྤྱོད་བཞི་ནི་ནད་ཀུན་སློང་བར་བྱེད་པའི་སློང་རྐྱེན་ཡིན་ལ། དེ་ལས་དུས་དམན་ལྷག་ལོག་པ་དང་། གདོན་གློ་བུར་བ་གཉིས་ཀྱིས་སྐྱེད་པའི་ནད་ནི་ནད་ཐོག་ཁྲོད་ཟས་སྤྱོད་གཉིས་ཀྱིས་བསྐྱེད་པའི་ནད་ལས་ལྟོས་བཅས་ཀྱིས་ཅུང་ཉུང་བ་དང་། ཟས་སྤྱོད་གཉིས་ནི་ཉིན་རེ་བཞིན་རྒྱུན་དུ་བསྟེན་དགོས་པའི་འཚོ་བའི་གཞི་རྟེན་ནམ་གོམས་སྲོལ་ཡིན་ལ། ཟས་སྤྱོད་གཉིས་ཚུལ་བཞིན་བསྟེན་མིན་ནི་ལུས་ཕུང་བདེ་ཐང་ཡོང་མིན་ལ་ཐད་ཀར་རགས་ལས་པའི་ཕྱིར་ན། ཟས་སྤྱོད་གཉིས་ཀྱི་རྒྱུན་ཤེས་ངེས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ།
ཁོང་ནད་ཀུན་གྱི་རྩ་བ་མ་ཞུ་བ་ཡིན་པ་དང་། མ་ཞུ་བ་ནི་རྐྱེན་བཞི་ལས་ཟས་རིགས་དང་འབྲེལ་བ་ཤིན་ཏུ་ཆེ་བས། བོད་ལུགས་གསོ་རིག་གི་བཤད་ཚུལ་ལྟར་དུས་ཚིགས་མི་འདྲ་བའི་ནང་དུ་ཟས་རིགས་བསྟེན་ཚུལ་མི་འདྲ་བ་བསྟེན་དགོས་ཚུལ་ཅུང་ཟད་བཀོད་ན་འདི་ལྟ་སྟེ། མདོར་ན་ཟས་སྐོམ་དབྱར་དགུན་དྲོ་བ་བསྟེན། དཔྱིད་རྩུབ་སོས་དང་སྟོན་ག་བསིལ་བར་བྱ། དབྱར་དང་དགུན་ནི་དང་པོའི་རོ་གསུམ་བསྟེན། དཔྱིད་ཀ་ཐ་མའི་རོ་གསུམ་སོས་ཀ་མངར། སྟོན་ཀ་མངར་ཁ་བསྐ་བ་བསྟེན་པར་བྱ། སྟོན་དཔྱིད་བཤལ་སྐྱུགས་དབྱར་ཁ་འཇམ་རྩི་བསྔགས། དམན་ལྷག་ལོག་ན་དེ་དང་འཚམ་པར་བྱ། ཅེས་པ་ལྟར་དབྱར་དགུན་གྱི་དུས་སུ་ནུས་པ་དྲོ་བའི་ཟ