གཉེན་སྒྲིག་ནི་སྐྱེས་ཕོ་མོའི་ཁྱིམ་གཞིས་འཛུགས་པའི་ཐོག་མ་དང་། གཉེན་སྒྲིག་རྗེས་ཀྱི་འཚོ་བའི་ལེགས་ཉེས་ནི་ཁྱོ་ཤུག་གཉིས་ཀྱི་ལུས་སེམས་བདེ་ཐང་དང་། ཁྱིམ་གཞི་བདེ་སྐྱིད། མི་རབས་རྗེས་མ་བདེ་ཐང་ངང་འཚར་ལོངས་འབྱུང་ཐུབ་མིན་གྱི་རྒྱུ་རྐྱེན་གཙོ་བོ་ཡིན་པས་གཉེན་སྒྲིག་དུས་ཀྱི་བདེ་སྲུང་བྱ་བ་ནི་ཤིན་ཏུ་གལ་ཆེ།
དང་པོ། གཉེན་སྒྲིག་གི་ལོ་ཚོད།
གཉེན་སྒྲིག་སྔ་མི་རུང་སྟེ་སྔ་ན་ལུས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པར་མ་སྨིན་པ་གང་དེ་ཚུལ་བཞིན་སྨིན་པའི་འགལ་རྐྱེན་དུ་འགྲོ་ལ་དེ་ལྟ་བུའི་གནས་ཚུལ་འོག་བྱིས་པ་བཙས་ན་མ་བུ་གཉིས་ཀར་ངན་པ་མ་ཟད་སློབ་སྦྱོང་དང་བྱ་བའི་བར་ཆད་དུའང་འགྲོ། རབ་ཡིན་ན་ཕོ་ལོ 25ཡས་མས་དང་མོ་ལོ 23ཡས་མས་སུ་བཟང་སྟེ། འདིའི་སྐབས་སུ་ལུས་ཡོངས་སུ་སྨིན་ཞིང་གནད་དོན་ལ་བསམ་གཞིགས་བྱེད་པའི་ནུས་པ་ཅུང་འཛོམས་ལ། བཟའ་ཚང་འཚོལ་བ་ལའང་དྲན་ཚུལ་གློ་བུར་བ་ཙམ་ལ་མི་བརྟེན་པར་གནས་སྐབས་དང་ཕུགས་ལ་བསམ་བློ་བཏང་སྟེ་ཁྱིམ་གཞིས་ཀྱི་རྨང་གཞི་བརྟན་པོ་འདིང་ཐུབ་ཅིང་། རང་ཉིད་ལ་དཔལ་འབྱོར་ཡོང་སྒོ་འཚོལ་བའི་ནུས་པའང་ལྡན་པས་ཕ་མའི་ཁུར་པོ་ཡང་ཇེ་ཡང་དུ་གཏོང་ཐུབ་པ་ཡིན།
གཉིས་པ། གཉེན་སྒྲིག་སྔུན་གྱི་བརྟག་དཔྱད།
དེ་ཡང་གཉེན་མ་སྒྲིག་གོང་དུ་ཚན་རིག་དང་མཐུན་པའི