ཐུན་ཏེ་རྫོང་གི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཅུས་ཀྱིས་ཏང་འཛུགས་བྱ་བར་ཤུགས་སྣོན་བྱེད་པའི་ཁྲོད། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི“123”བྱ་བའི་བྱེད་ཐབས་སྤྱད་དེ། ཉིན་རྒྱུན་གྱི་བྱ་བར་དར་སྤེལ་ནུས་ལྡན་ཐུབ་པ་བྱུང་།
ཐུན་ཏེ་རྫོང་གི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཅུས་ཀྱི་འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། “123”བྱ་བའི་བྱེད་ཐབས་ཟེར་བ་ནི“བཅོས་བསྒྱུར་གཅིག་དང་འཛུགས་སྐྲུན་གཉིས། སྲིད་ཇུས་གསུམ”བཅས་ཡིན། “བཅོས་བསྒྱུར་གཅིག”ནི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་གཙོར་འཛིན་པ་དང་། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་བྱེད་པའི་ཁྲོད་ཀྱི་ལས་གཞི་ཆེན་པོ་ལྔ་བཅོས་བསྒྱུར་བྱེད་པའི་ལས་འགན་ལག་བསྟར་བཟང་བོ་བྱེད་པར་སྟོན་པ་ཡིན།
“འཛུགས་སྐྲུན་གཉིས”ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱིས་ནད་བཅོས་བྱས་པར་ཁོར་ཡུག་བཟང་པོ་འདོན་པར་སྟོན་པ། “སྲིད་ཇུས་གསུམ”ནི་ཕྱོགས་ཡོངས་ནས“ཉུང་སྐྱེས་མྱུར་ཕྱུག”དང“བྱ་དགས་རོགས་སྐྱོ