2015ལོའི་ཟླ9བའི་ཚེས26ཉིན། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་སྒོ་བསྟེན་མྱུར་བརྟག་སྣ་འདུས་ཐོག་ཁང་གསར་བའི་མདུན་ནས། རང་ཞིང་གིས་ཐོག་མར་ཐད་འཕུར་གནམ་གྲུས་རྒྱང་རིང་མཁལ་སྐྱེལ་མྱུར་སྐྱོབ་ཀྱི་སྦྱོང་རྡར་མཛད་སྒོ་སྤེལ་བ་དང་། དེས་རང་ཞིང་གི་ལོ་རྒྱུས་ཐོག་རྒྱང་རིང་མཁལ་སྐྱེལ་མྱུར་སྐྱོབ་མེད་པ་གསར་དུ་ཁ་སྐོང་བྱས།
ཐེངས་འདིར་སྒོ་བསྟེན་མྱུར་བརྟག་སྣ་འདུས་ཐོག་ཁང་སྟེང་། ཐད་འཕུར་གནམ་གྲུས་རྒྱང་རིང་མཁལ་སྐྱེལ་མྱུར་སྐྱོབ་ཀྱི་སྦྱོང་རྡར་མཛད་སྒོ་སྤེལ་བ་ནི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་མྱུར་སྐྱོབ་ཚོགས་པས་བོད་ཁུལ་དུ་ཐད་འཕུར་གནམ་གྲུ་ཡིས་མྱུར་སྐྱོབ་སྦྱོང་རྡར་བྱས་པ་དང་། དེས་རང་ཞིང་ལ་མཁའ་སྐྱེལ་མྱུར་སྐྱོབ་ཀྱི་སྒྲིག་བཀོད་མེད་པའི་སྟོང་ཆ་དེ་བསྐངས་པས་མི་ཚད། རང་ཞིང་གི་མཁའ་སྐྱེལ་མྱུར་སྐྱོབ་ཀྱི་ཟིན་ཐོ་གསར་བ་བཀོད་པ་རེད།
གསར་འགོད་པ། འབྲུག་མོ།