མངལ་སྦྲུམ་པ་ནི་སྐྱེ་ལུགས་ཀྱི་བརྒྱུད་རིམ་ཞིག་ཡིན། འོན་ཀྱང་སྦྲུམ་བུ་འཚར་སྐྱེས་ཀྱི་བརྒྱུད་རིམ་ནང་དུ་སྦྲུམ་མའི་ལུས་ཀྱི་མ་ལག་སོ་སོར་འགྱུར་བ་སྣ་ཚོགས་པ་འབྱུང་། གལ་སྲིད་འགྱུར་བ་འདི་དག་སྐྱེ་ལུགས་ཀྱི་ལྡང་ཚད་ལས་བརྒལ་ན་མ་དང་བུ་གཉིས་ལ་རྣམ་པར་གྱུར་བའི་སྣང་ཚུལ་ཏེ་ཉེན་ཁ་ཆེ་བའི་སྦྲུམ་ལྡན་འབྱུང་། མ་བུ་གཉིས་བདེ་འཇགས་ངང་དུས་འདིར་བརྒལ་ཕྱིར་སྦྲུམ་ལྡན་དུས་ཀྱི་ལྟ་རྟོག་དང་བདེ་སྲུང་བྱ་བ་ཤུགས་ཆེར་སྒྲུབ་པ་ཤིན་ཏུ་གལ་ཆེ་སྟེ། དེ་ནི་བཙའ་བའི་སྔ་གཞུག་གི་བདེ་སྲུང་བྱེད་ཐབས་གཙོ་བོ་ཞིག་ཀྱང་ཡིན། སྔ་མོ་ནས་སྦྲུམ་ལྡན་དུས་ཀྱི་བླ་གཉན་ནད་ངོས་བཟུང་སྟེ་དུས་ཐོག་ཏུ་གསོ་བཅོས་བྱེད་པ་དང་། ལྡང་ཚད་དུ་མི་གནས་བའི་སྦྲུམ་བུའི་གནས་སྟངས་དང་སྦྲུམ་བུའི་རྣམ་འགྱུར་འཚར་སྐྱེས་ལ་ངོས་ཐུག་གི་བཅོས་ཀ་བྱེད་པ་དང་། སྦྲུམ་མ་དང་སྦྲུམ་བུའི་གནས་ཚུལ་ཞིབ་ཆར་བསྟུན་ནས་བཙའ་ཐབས་གཏན་འཁེལ་བྱེད་དགོས། བྱིས་པ་མ་བཙས་སྔོན་གྱི་ལྟ་རྟོག་དང་བདེ་སྲུང་ནི་སྔོན་འགོག་གཙོར་འཛིན་པ་དང་འགོག་བཅོས་ཟུང་འབྲེལ་གྱི་ཐབས་ཇུས་གཙོ་བོ་ཞིག་ཡིན་པར་མ་ཟད། བཙའ་བའི་སྔ་གཞུག་གི་སྦྲུམ་མའི་ཉེན་ཁའི་ཚད་ཇེ་དམར་གཏོང་བ་དང་། སྦྲུམ་མ་དང་སྦྲུམ་བུའི་བདེ་ཐང་ལ་ཁག་ཐེག་དང་བདེ་ཐང་གིས་བཙའ་བའི་ཐབས་ཤེས་སུ་མཐོང་། སྦྲུམ་ལྡན