༡.འཇུ་བྱེད་མ་ལག་གི་ནད་རྟགས། སྦྲུམ་སྟོད་ལ་སྐྱུག་མེར་ལངས་པ་དང་སྐྱུགས་པ་སྐྱུགས་པ། དེར་ཝེ་ཧྲིན་སུའུB6 ཉིན་རེར་ཐེངས་གསུམ་ལ་བསྟེན་པས་བཟློག་ནུས།
༢.ལུས་སྨད་ཀྱི་ཤ་གྲིམ་འདར་འཁུམ་འབྱུང་བ། རྒྱུན་པར་རྗེ་ངར་ཉྭ་སྙིང་ལ་འབྱུང་། མཚན་མོར་ལྷག་ཏུ་མང་། ལྡང་དུས་མཉེ་ཕུར་བྱས་ཆོག རྗེ་ངར་སྐུམ་སྟེ་ལྷོད་ལྷོད་བྱས་ན་བདེར་འབབ། གནས་ཚུལ་ལ་བལྟོས་ནས་འོ་སྐྱུར་ཀའེ་དང་ཉ་མཆིན་སྣུམ། ཝེ་ཧྲིན་སུའུEབསྟེན་ཆོག
༣.ཁྲག་ཟད། སྦྲུམ་དུས་སྨད་ལ་ལྕགས་ཁམས་ཀྱི་མཁོ་ཚད་ཇེ་མཐོར་འགྲོ་བས་ཟས་ཁོ་ནས་མི་ཆོག ལྕགས་ཁམས་ཀྱི་སྨན་ཁ་ཤས་བསྟེན་ནས་གསོ་དགོས། དེ་མིན་ན་ཁྲག་ཟད་དུ་འགྲོ་ཉེན་ཆེ། ཁྲག་ཟད་དུ་གྱུར་ཟིན་ལ་དེའི་རྐྱེན་བཙལ་ནས་དེ་ལུགས་ཀྱི་གསོ་བཅོས་བྱེད་དགོས། སྦྲུམ་མའི་ཁྲག་ཟད་ཕལ་ཆེ་བ་ལྕགས་ཁམས་ཟད་པའི་ཁྲག་ཟད་ལ་གཏོགས་པས་ཟི་སྐྱུར་ལྕགས་ཕལ་བ་དང་། ཝེ་ཧྲིན་སུའུCདང་། འོ་སྐྱུར་ཀའེ་སོགས་བསྟེན་ཀྱང་ཆོག
༤.མཁལ་རྐེད་ན་བ། སྦྲུམ་དུས་སུ་བུ་སྣོད་ཆེར་རྒྱས་ཤིང་ལྗིད་ལྟེ་ལྟག་ཏུ་ནུར་བས་ལུས་ལྗིད་དོ་སྙོམས་ཡོང་ཕྱིར་སྒལ་ཚིགས་སྔུན་ལ་ཕྱོགས་ཤིང་སྒལ་འདབ་འཐེན་ཤ་གྲིམ་པར་གྱུར་བ་དང་། སྦྲུམ་དུས་སུ་ཚིགས་མཚམས་ཆུ་བ་ཅུང་ལྷོད་པས་བྱུང་བ་ཡིན། དེ་ལ་ངལ་གསོ་བྱས་པས་ཆོག
༥.ཁྲག་