རྒྱུ་ཚད་ཀྱི་ནད་ཅེས་པ་ནི་ལོང་དང་རྒྱུ་མའི་གནས་ཁག་ཅིག་གམ་ངོས་ཡོངས་སུ་གཉན་ཚད་རྒྱས་ཏེ་ཐུར་དུ་བཤལ་བའམ་བཤང་བ་སྐམ་པའི་ནད་རྟགས་འབྱུང་བ་ཅིག་ལ་ཟེར། དེ་ཡང་དང་པོ་བཤལ་བའི་ནད་འབྱུང་བར་ཟས་སྤྱོད་ཀྱི་ཐད་ནས་མཉམ་འཇོག་དགོས་ས་ནི།
༡.ཕྱེ་ཐུག་དང་ཙོང་། ཚྭ་གསུམ་ཆུ་སྐོལ་ནང་བསྐོལ་བ་ཉིན་རེར་ཐུན་གསུམ་རེ་བྱས་ནས་ཉིན་གཉིས་གསུམ་ཙམ་ལ་བསྟེན་ན་ཁོག་པ་བཤལ་བ་མྱུར་དུ་གཅོད་ཐུབ། ཡང་ན་ནད་པའི་དགའ་ཕྱོགས་དང་བསྟུན་ནས་སྲན་ཐུག་ཀྱང་འཐུང་ན་བཟང་།
༢.འཛེམ་བྱ་ནི་སྒོག་པ་དང་ཤ་མར་འོ་མ་སོགས་སྤང་དགོས། ཞོར་ཟས་སྣ་ཚོགས། ལྷག་པར་དུ་ཟས་རིགས་རློན་པ་ཟ་མི་ཉན།
གཉིས་པ་བཤང་བ་སྐམ་པའི་ནད་རྟགས་འབྱུང་བར་ཟས་རིགས་སྣ་ཚོགས་ལ་ཚོད་འཛིན་མེད་པར་ཁྱད་པར་དུ་སིལ་ཏོག་དང་སྔོ་ཚོད་ཀྱི་རིགས་མང་དུ་བསྟེན་ན་བཟང་། ད་དུང་ཇ་ཁུར་ལྕུམ་རྩྭ་དུག་འདོན་བྱས་པ་གདུས་ཏེ་ཉིན་མོའི་སྐོམ་ཆུ་བྱས་ན་བཟང་། ཕག་ཤ་མང་དུ་བསྟེན་ཆོག དྲོད་བཅུད་ཆེ་བའི་ལུག་ཤ་དང་སྐམས་ཤ འོ་མ་སོགས་ཉུང་ངུ་བསྟེན་དགོས། འདིར་ངེས་པར་དུ་འཛེམ་དགོས་པའི་ཟས་རིགས་མེད།
གསུམ་པ། རྒྱུ་རྒན་ནད་ཀྱི་ཟས་སྐོམ་སྤང་བླང་གི་སྐོར།
རྒྱུ་རྒན་གྱི་ནད་ཅེས་པ་ནི་ནད་པར་རྒྱུ་རྐྱེན་གང་རུང་ལ་གཞིགས་ནས་ཁོག་པ་ཟླ་གཉིས་ཡན་དང་ལོ་གཅ