གཅིག བང་ནང་གི་མའི་ལུས་ཀྱི་འགྱུར་ལྡོག
བང་ནང་གི་དུས་ནི་བུ་རོགས་ཕྱིར་བུད་ནས་མའི་ལུས་ཁམས་ལས་ནུ་མ་མ་གཏོགས་སྔོན་གྱི་ལྡང་ཚད་དུ་གནས་པའམ་རྒྱུན་ལྡན་དུ་ཉེ་བའི་བར་གྱི་དུས་ཚོད་ལ་ཟེར། སྤྱིར་བཏང་དུ་བདུན་ཕྲག་དྲུག་ནས་བརྒྱད་ཡིན།
༡.ལུས་དྲོད། བང་ནང་གི་བུད་མེད་ཀྱི་ལུས་དྲོད་རྒྱུན་ལྡན་ཡིན། བུད་མེད་ལ་ལར་བཙས་རྗེས་ཀྱི་དུས་ཚོད་ཉེར་བཞིའི་ནང་ཇེ་མཐོར་འགྲོ་མོད་སྤྱིར་བཏང་དུ་དྲོད་ཚད་ཏུའུ་གྲངས་སོ་བརྒྱད་ལས་མི་བརྒལ། དུས་ཚོད་ཉེར་བཞིའི་རྗེས་སུ་རིམ་གྱིས་རྒྱུན་ལྡན་དུ་འགྱུར་ངེས།
༢.རྩ་གྲངས། བཙས་རྗེས་ཀྱི་རྩ་ཅུང་དལ། ཕལ་ཆེར་སྐར་མ་རེར་ཐེངས་དྲུག་ཅུ་ནས་བདུན་ཅུ་ཙམ་ཡིན། དེ་ཉིད་མངལ་དང་ཤ་མའི་བར་གྱི་འཁོར་རྒྱུག་མཚམས་བཞག་པ་དང་ངལ་གསོར་འབྲེལ་བ་ཆེ། བཙས་རྗེས་ཀྱི་བདུན་ཕྲག་གཅིག་གི་ནང་རྒྱུན་ལྡན་དུ་འགྱུར།
༣.དབུགས། བཙས་རྗེས་སུ་བུད་མེད་ཀྱི་གསུས་གནོན་མར་ཆག་པ་དང་མཆིན་དྲི་ཐུར་དུ་བབས་པས་དབུགས་ཅུང་དལ་ཞིང་སྐར་མ་རེར་འབྱིན་རྔུབ་ཐེངས་བཅུ་བཞི་ནས་བཅུ་དྲུག་བྱེད།
༤.རྔུལ་འདོན་པ། བཙས་རྗེས་སུ་ལུས་ཁམས་ཀྱི་སྙིགས་མ་འདོར་བའི་བྱེད་ལས་ཤིན་ཏུ་དྲགས་པས་རྔུལ་ཆུ་མང་དུ་བཞུར་བ་ཡིན། ལྷག་པར་དུ་གཉིད་ལོག་སྐབས་