ལོ་སར་གྱི་དུས་ཆེན་ལ་རོལ་ཚར་ནས་ལས་ཚོགས་སུ་ཞུགས་རྗེས། ཚང་མར་སེམས་ཤུགས་མེད་ཅིང་བློ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་པར་མ་ཟད། མི་ལ་ལར་ད་དུང་མཁལ་རྐེད་ན་བ་དང་། སེམས་ཁམས་མི་སྐྱིད་པ། དོན་དག་ཆུང་ངུ་ཙམ་གྱིས་ཀྱང་སེམས་ཁམས་བདེ་ལ་འབབ་མི་ཐུབ་ཅིང་ཁོང་ཁྲོ་ལངས་སླ་བ། དགོང་མོར་གཉིད་མི་འབབ་པ། ཉིན་མོར་རྣམ་རིག་མེད་པ་སོགས་འབྱུང་སྲིད། དེ་ནི་ལོ་སར་གྱི་སྐབས་སུ་བྱ་བའི་འགན་ཁུར་ལྗིད་ཅིང་འགྲོ་འདུག་ཉལ་ཆག་གི་གོ་རིམ་འཆོལ་བ། བཟའ་བཏུང་བསྟེན་ཚུལ་ལུགས་མཐུན་མིན་པ། འགུལ་སྐྱོད་བྱེད་ཚད་ཉུང་བ་བཅས་ལས་བསྐྱེད་པའི་བདེ་ཐང་ལྟར་སྣང་གི་མངོན་རྟགས་ཞིག་ཡིན་པས་དེ་ལ་མཐོང་ཆུང་གཏན་ནས་བྱེད་མི་རུང་། དེས་ན་ཇི་ལྟར་བྱས་ན་ད་གཟོད་བདེ་ཐང་ལྟར་སྣང་གི་མངོན་རྟགས་དེ་དག་མེད་པར་གཏོང་ཐུབ་ཅེ་ན། གཤམ་དུ་དེའི་སྐོར་གྱི་ཤེས་བྱ་འགའ་ངོ་སྤྲོད་ཅིག་བྱེད།
གཅིག སྐབས་བབ་དང་བསྟུན་ནས་ངལ་གསོ་བྱེད་པ།
ཉིན་རྒྱུན་འཚོ་བའི་འགྲོ་འདུག་ཉལ་འཆག་གི་གོ་རིམ་མ་འཆོལ་བར་ངལ་གསོ་བཟང་བོ་བྱེད་པ་དང་གཉིད་སྐྱིད་པོ་ལོག་ན། ང་ཚོའི་ལག་འཁྱེར་ཁ་པར་ལ་གློག་གསོག་པ་བཞིན་སེམས་ཤུགས་དང་ལུས་སྟོབས་རྒྱས་ནས་ཉིན་གང་གི་བྱ་བའི་ལས་ཆོད་ཇེ་ལེགས་སུ་གཏོང་ཐུབ།
གཉིས། སེམས་ཁམས་ཡངས་པོར་གནས་པ།
སེམས་ཁམ