ས་ཁུལ་མང་པོ་ཞིག་ནས་འབྱོར་བའི་གནས་ཚུལ་ལྟར་ན། ལོ་སར་ཀྱི་སྐབས་སུ་ཁྱིས་རྨུགས་པའི་མི་གྲངས་སྔོན་ལས་ཇེ་མང་དུ་གྱུར་ཡོད་ཟེར། ད་ལྟ་ལོ་སར་གྱི་དུས་ཆེན་མཇུག་རྫོགས་ཟིན་ནའང་། ད་དུང་མི་རྣམས་ཕར་འགྲོ་ཚུར་འོང་བྱེད་ཚད་མང་བས། གལ་ཏེ་སེམས་ཆུང་མ་བྱས་པར་ཁྱིས་རྨུགས་ཚེ་ཇི་ལྟར་བྱེད་དགོས་པ་དང་། འགོག་སྨན་ནམ་ཚོད་རྒྱག་དགོས་པ། ཐེངས་ག་ཚོད་ལ་རྒྱག་དགོས་ཞེ་ན། གཤམ་དུ་དེའི་སྐོར་ངོ་སྤྲོད་ཅིག་བྱེད།
རང་རྒྱལ་ནི་ཁྱི་སྨྱོན་ནད་མཆེད་ཚད་ཆེས་མཐོ་བའི་ས་ཁུལ་ཡིན་ཏེ། འཛམ་གླིང་གི་ཨང་གཉིས་པ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཁྱིམ་ཚང་མང་པོས་ཁྱི་གསོ་ཚད་ཇེ་མང་དུ་གྱུར་བ་དང་བསྟུན་ནས། ཁྱི་སྨྱོན་ནད་འབྱུང་ཚད་མངོན་གསལ་སྒོས་ཇེ་མང་དུ་གྱུར་ནས་ལོ་རེར་ནད་པ་སྟོང་ཕྲག་ལྷག་ལ་བུད་ཅིང་ཤི་ཚད་ཕལ་ཆེར་བརྒྱ་ཆའི་བརྒྱར་སླེབས་ནས། ཤི་ཚད་ཆེས་མཐོ་བའི་རིམས་ནད་ཤིག་ཏུ་གྱུར་ཡོད། ཁྱི་སྨྱོན་ནད་ཀྱི་ཤི་ཚད་ཆེས་མཐོ་ནའང་མི་རྣམས་དེ་འདྲའི་སྐྲག་སྣང་སྐྱེས་དགོས་དོན་ཡང་མེད་དེ། ནད་དེ་དེ་འདྲའི་འབྱུང་སླ་བ་ཞིག་མིན། སྤྱིར་ཞི་ལ་དང་ཁྱིས་རྨིགས་རྗེས། ཁྱི་སྨྱོན་ནད་འབྱུང་བའི་ངེས་པ་མེད། འོན་ཀྱང་ཁྱི་སྨྱོན་ནད་བྱུང་ཚེ་ཤི་ཚད་ཧ་ཅང་མཐོ། དེ་བས་ཁྱིས་རྨུགས་ཚེ་དེ་ལ་དོགས་ཟོན་ནན་མོ་བྱས་ནས་རྨ་ཁར་བདག་སྐྱོང་དང