སྨན་པ་ཀྲང་ཞའོ་ཕེན།
ཀྲང་ཞའོ་ཕེན་ནི་རྨ་ལྷོ་ཁུལ་མི་དམངས་སྨན་ཁང་གི་འཇུ་བྱེད་མཁལ་ནད་ཚན་ཁག་གི་ཀྲུའུ་རིན་ཡིན་ཞིང་། སྨན་པ་འབུམ་རམས་པ་གཞོན་པ་ཡིན། ཁོང་ནད་ཚན་ཁག་ནས་བྱ་བ་བསྒྲུབས་ཏེ་ལོ་ངོ་ཉེར་བདུན་རིང་ལ། མཐའ་གཅིག་ཏུ་ནད་ཐོག་གི་བྱ་བ་བསྒྲུབས་པའི་ཞོར་དུ། ཐེངས་མང་པོར་ཞིང་ཆེན་ཕྱི་ནང་གི་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་གི་ཁོང་ནད་ཚན་ཁག་ཏུ་ཟབ་སྦྱོང་བྱས་མྱོང་། དེ་བས་སྨན་པ་ཀྲང་ཞའོ་ཕེན་ལ་ནད་ཐོག་གི་ལག་ལེན་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད། འཇུ་བྱེད་མ་ལག་དང་གཅིན་ཟགས་མ་ལག་གི་ནད་རིགས་ཕྱོགས་སུ་ལྷག་ཏུ་མཁས། དེ་ལས་གཞན་སྔ་ཕྱིར་གསར་བ་གསུམ་གྱི་ལས་གཞི་སྤེལ་ནས། འཇུ་བྱེད་མཁལ་ནད་ཚན་ཁག་གི་རྒྱུན་མཐོང་དང་རྒྱུན་འབྱུང་གི་ནད་དང་། གསོ་དཀའ་བའི་ནད་རིགས་མང་པོར་ངོས་འཛིན་དང་གསོ་བཅོས་བྱེད་པར་ནད་ཐོག་གི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད། ལྷག་པར་དུ་ཕོ་བ་སྨུག་པོའི་ནད་དང་མཆིན་པ་སྲ་འགྱུར་ཆུ་བསགས་ཀྱི་ནད། མཁལ