བྱིས་པ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་རྗེས། ཁྱིམ་ཚང་མང་པོ་ཞིག་གིས་ཡང་བསྐྱར་བྱིས་པ་བཙའ་བར་གྲ་སྒྲིག་བྱེད་བཞིན་ཡོད། ཡིན་ནའང་། བྱིས་པ་ཐེངས་དང་པོ་བཙའ་དུས་གསུས་སྐྱི་གཤགས་ནས་བླངས་པའི་མིས་ཐེངས་གཉིས་པ་བཙའ་དུས་རང་བཞིན་དུ་བཙའ་ཐུབ་མིན་ཤེས་ཀྱིན་མི་འདུག མི་མང་པོའི་བསམ་པར། བྱིས་པ་དང་པོ་བཙའ་དུས་གསུས་སྐྱི་གཤགས་ནས་བླངས་པ་ཡིན་ན། ཐེངས་གཉིས་པར་བཙའ་དུས་ཀྱང་ངེས་པར་དུ་གསུས་སྐྱི་གཤགས་དགོས་པར་འདོད་ཡོད།
དོན་དངོས་སུ་དེ་ལྟར་མིན་ཏེ། ཐེངས་དང་པོར་གསུས་སྐྱི་གཤགས་ནས་བྱིས་པ་བླངས་པ་ཡིན་ན་ནམ་ཡང་དེ་ལྟར་བྱེད་དགོས་པའི་ངེས་པ་མེད། དེའི་རྒྱུ་མཚན་ནི་ཡང་བསྐྱར་གསུས་སྐྱི་གཤགས་ན་ཚང་ཁོིག་འབྱར་འབྲེལ་ཚབས་ཆེན་བྱུང་བ་ལས་ཉེ་འཁོར་གྱི་ལྒང་བུ་སོགས་ལ་གནོད་སྐྱོན་བཟོ་སྲིད། དུས་མཚུངས་སུ་བུ་སྣོད་འཁུམ་འདུ་བྱས་པ་མི་ལེགས་པ་ལས་བྱིས་པ་བཙས་རྗེས་ཁྲག་བཞུར་བ་སོགས་སྐྱོན་འབྱུང་བ་ཡིན། དེ་བས་ཡང་བསྐྱར་གཤགས་བཅོས་བྱས་ན་ཉེན་ཁ་ཆེ་བས། གལ་ཏེ་སྦྲུམ་མར་རང་བཞིན་ནམ་རྒྱུན་ལྡན་སྒོས་བཙའ་ཐུབ་པའི་ཡིད་ཆེས་ཡོད་ཅིང་རང་བཞིན་དུ་བཙའ་བའི་ཉེན་ཁར་ངོས་ཟིན་ཡོད་པ། དེར་མ་ཟད་གཤམ་གྱི་ཆ་རྐྱེན་འདི་དག་འཛོམས་ན། སྨན་ཁང་ལའང་ལྟ་ཞིབ་ཚད་ལེན་དང་མྱུར་སྐྱོབ་བྱེད་ཐབས་བཟང་པོ་ཡོད་པས།