ད་སྐབས་མི་རྣམས་སོ་ནད་ཚན་ཁག་ཏུ་སོང་ནས་སོ་བཀྲུ་བ་དེ་ཡང་དར་ཁྱབ་ཏུ་འགྲོ་བཞིན་ཡོད། ཡིན་ནའང་མི་མང་པོ་ཞིག་གིས་སོ་བཀྲུ་བའི་ཐད་དུ་ལྟ་སྟངས་འདྲ་མིན་སྣ་ཚོགས་བཟུང་ཡོད།
དང་པོ། སོ་བཀྲུ་བ་ཁོ་ནས་སོ་ཇེ་ཡག་དང་ཇེ་དཀར་ལ་གཏོང་ཐུབ་པར་འདོད་པ།
ནམ་རྒྱུན་སོ་ངོས་ལ་སོ་དྲེག་ཆགས་ན་སོ་མདོག་མི་ལེགས་པར་གྱུར་ནས་བལྟས་ན་མིག་ལ་མི་མཛེས་པ་རེད། དེར་བརྟེན། སོ་བཀྲུ་བའི་དམིགས་ཡུལ་གཙོ་བོ་ནི་སོ་དྲེག་བཀྲུས་ནས་སོ་ཇེ་དཀར་ལ་གཏོང་འདོད་པ་དེ་ཡིན་ཞིང་། སོ་བཀྲུས་རྗེས། སོ་མདོག་ཇེ་དཀར་ལ་འགྲོ་སྲིད་མོད། འོན་ཀྱང་ཡུན་རིང་མི་འགོར་བར་སོ་དྲེག་ཕྱིར་ཆགས་སྲིད་པས། མི་རྣམས་ཀྱིས་བྱེད་ཐབས་གཞན་པ་སྤྱད་ནས་སོ་བཀྲུས་ཆོག་སྟེ། དཔེར་ན་གྲང་འོད་ལ་བསྟེན་ནས་སོ་ཇེ་དཀར་ལ་གཏོང་བ་དང་། མཛེས་རིག་ཞིག་གསོ་ལག་རྩལ་ལ་བསྟེན་ནས་སོ་བཀྲུས་ཚེ་མངོན་གསལ་དུ་སོ་ཇེ་ལེགས་དང་ཇེ་དཀར་ལ་གཏོང་ཐུབ།
གཉིས་པ། སོ་བཀྲུས་ཚེ་སོ་བར་ཇེ་ཆེར་འགྲོ་སྲིད་པར་འདོད་པ།
བསམ་ཚུལ་དེ་ཡོད་པས་མི་མང་པོ་ཞིག་གིས་སོ་བཀྲུ་མི་འདོད་པ་རེད། དོན་དངོས་ཐོག་སོ་དྲེག་མང་པོ་ཆགས་པ་དང་སོ་རྙིལ་ལ་གཉན་ཚད་རྒྱས་ཏེ་རྙིལ་སྐྲངས་ནས་སོ་བར་བཀབ་པ་ཡིན་པས། སོ་བཀྲུས་རྗེས་སོ་དྲེག་མེད་པར་གྱུར་ཏེ་རྙིལ་སྐྲངས་བ་རིམ